| | e-texts navigator
|
111b1 སྒོམ་པ་ནི། པདྨ་ལས་བྱུང་ཞིང་ཉི་ཟླའི་སྟེང་ན་སྐུ་མདོག་ནག་པོ་ཤིན་ཏུ་འཚེར་བ་གཞོན་ནུ་ལང་ཚོལ་བབ་པ་ལྟ་བུའི་སྐུ། དོ་ཤལ་དང་། དབུ་བརྒྱན་དང་། རིན་པོ་ཆེའི་ཆུ་ན་འཕྱང་ལ་སོགས་པས
111b2 མཛེས་པར་བྱས་པ། པཉྩ་ལི་ཀའི་གོས་ཀྱིས་སྨད་དཀྲིས་པ། ཀ་ཤི་ཀའི་གོས་ཀྱིས་སྟོད་གཡོགས་པ། ཞབས་བརྐྱང་བསྐུམ་དུ་བཞུགས་པ། ཞལ་གཅིག་ཕྱག་གཉིས་པ། མཆེ་བ་ཟླ་བ་ཕྱེད
111b3 པ་ལྟ་བུ་གཙིགས་པ། ཞལ་ཁྲོ་གཉེར་ཧཱུཾ་སྒྲ་དང་བཅས་པ། དབུ་སྐྲ་དམར་སེར་གྱེན་དུ་ཕྱོགས་པ། ད་བུ་ལ་ཟླ་བའི་སྟེང་ན་ཨ་མི་དེ་བ་བཞུགས་པ། བསྐལ་པའི་མེ་དབུང་དང་བཅས་པའི་འོད་ལས
111b4 འཇིགས་པ་བརྒྱད་ལས་སྲུང་བའི་ལྷ་མོ་འཕྲོ་བ། ཕྱག་གཉིས་ནི་གཡས་ན་གྲི་གུག་འཛིན་ཅིང་། གཡོན་པ་སྡོང་བུ་དང་བཅས་པའི་ཨུཏྤ་ལའི་སྟེང་ན་མེ་ཏོག་གིས་བཀང་བའི་བྲམ་ཟེའི་ཐོད་པ་ཅན
111b5 འཛིན་པ། ཁྲོ་བོའི་ཚོགས་དང་བཅས་པ་བསྒོམ་པར་བྱའོ།། སྔགས་ནི་འདི་བཟླས་པར་བྱའོ།། ཨོཾ་ཏཱ་རེ་ཏུ་རེ་ཏུཏྟཱ་རེ་སྭཱ་ཧཱ། ཞེས་བཟླས་པར་བྱའོ།། དེ་ནས་ལས་ཀྱི་སྔགས་དང་བཅས་པ་ལ་ལན
111b6 གཅིག་གམ། བདུན་ནམ། ཉི་ཤུ་རྩ་གཅིག་གམ། བརྒྱ་རྩ་བརྒྱད་བཟླས་ནས་གསོལ་བ་བཏབ་ན་འགྲུབ་པར་འགྱུར་རོ།། འཇམ་དཔལ་དེའི་ཕན་ཡོན་ནི་འཕྲིན་ལས་བཞི་འགྲུབ་པར་འགྱུར་རོ།།
111b7 འཇིགས་པ་ལས་སྲུང་བར་འགྱུར་རོ།། འཕྲིན་ལས་སྣ་ཚོགས་ཀྱི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་ལ་སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ
iiif viewer powered by OpenSeadragon
111a - 112a