e-texts navigator
Collection
Volume
Page
Wylie

105a1 ཅད་སྤྲུལ་པ་ལྟ་བུ་དང་། སྒྱུ་མ་དང་། འཇའ་ཚོན་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་། གཟུགས་བརྙན་ལྟ་བུར་མཐོང་ངོ་།། དེའི་ཨུཏྤལ་ལས་བྱུང་བའི་སྒྲོལ་མ་ལྕགས་ཀྱུ་མ།
105a2 སྐུ་མདོག་དཀར་མོ་ཕྱག་གཉིས་ལྕགས་ཀྱུ་འཛིན་པ། ཁྲོས་པའི་སྐུ་རིན་པོ་ཆེའི་དོ་ཤལ་དང་། སྙན་ཆ་དང་། དཔུང་རྒྱན་དང་། རྒྱན་རྣམ་པ་སྣ་ཚོགས་པས་བརྒྱན་པ། གཞོན་ནུ་ལང་ཚོལ
105a3 བབ་པ། ཅུང་ཞིག་ཁྲོས་པའི་ཞལ་དང་བཅས་པ། ཞབས་བརྐྱང་བསྐུམ་དུ་ཟླ་བ་དང་པདྨའི་སྟེང་ན་བཞུགས་པའོ།། ལྷོའི་སྒོར་པདྨ་དང་ཟླ་བའི་སྟེང་དུ་རེ་ལས་བྱུང་བའི་ཨུཏྤ་ལ་ས་བོན་དང
105a4 བཅས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འོད་ཁ་དོག་སྣ་ཚོགས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྤྲུལ་པ་ལྷ་བུ་དང་། སྒྱུ་མ་དང་། འཇའ་ཚོན་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་།
105a5 གཟུགས་བརྙན་ལྟ་བུར་མཐོང་ངོ་།། དེའི་ཨུཏྤལ་ལས་བྱུང་བའི་སྒྲོལ་མ་ཞགས་པ་མ་སྐུ་མདོག་སེར་མོ་ཕྱག་གཉིས་ཞགས་པ་འཛིན་པ། ཁྲོས་པའི་སྐུ་རིན་པོ་ཆེའི་དོ་ཤལ་དང་།
105a6 སྙན་ཆ་དང་། དཔུང་རྒྱན་དང་། རྒྱན་རྣམ་པ་སྣ་ཚོགས་པས་བརྒྱན་པ། གཞོན་ནུ་ལ་ངཚོལ་བབ་པ། ཅུང་ཞིག་ཁྲོས་པའི་ཞལ་དང་བཅས་པ། ཞབས་བརྐྱང་བསྐུམ་དུ་ཟླ་བ་དང་པདྨའི
105a7 སྟེང་ན་བཞུགས་པའོ། ། ནུབ་ཀྱི་སྒོར་ཟླ་བ་དང་པདྨའི་སྟེང་དུ་ཏུ་ལས་སྐྱེས་པའི་ཨུཏྤ་ལ་ས་བོན་དང་བཅས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འོད་ཁ་དོག་སྣ་ཚོགས་པས་འཇིག་རྟེན




iiif viewer powered by OpenSeadragon

104b - 105b

Texts on this page

S676 - de bzhin gshegs pa thams cad kyi yum sgrol ma las sna tshogs 'byung ba zhes bya ba'i rgyud