| | e-texts navigator
|
288a1 རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་གནས་པར་གྱུར་གྱི་བར་དུ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། ། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅན་ལ་ཕྱག་འཚལ།
288a2 ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ།། ཨོཾ་མ་ཧཱ་བཱིརྱ་ཨ་མོ་གྷ་བི་ལོ་ཀ་ཏཻ། བ་ར་བ་ར། དྲི་བྷཻ་བཱིརྱཱ
288a3 མ་ཧཱ་བ་ལ། བ་ལ་བ་ལ། མ་ཧཱ་བོ་དྷྲྀ་ག། བ་ལ། བོ་དྷི་ཧཱུཾ་ཕཊ་སྭཱ་ཧཱ། གཟུངས་འདི་དུས་རྟག་ཏུ་དྲན་པ་འམ། ཡོངས་སུ་དག་ཅིང་སྤྲོ་བའི་ཡིད་ཀྱིས་དྲན་པ་ཙམ་གྱིས་མོད་ལ་བརྩོན་འགྲུས་ཀྱི
288a4 ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པར་འགྱུར་རོ། ། གང་འདི་ཡིད་ལ་བྱེད་པ་དང་ལྡན་པས་དགེ་བའི་སྣ་འགའ་ཙམ་བྱས་པའང་དཔག་ཏུ་མེད་པ་བྱས་པར་འགྱུར། སྟོབས་དང་ལྡན་པར་འགྱུར། མྱུར་བར
288a5 འགྱུར་རོ། ། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་བརྩོན་འགྲུས་ཉམས་པར་མི་འགྱུར། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ནམ་ཡང་མི་འབྲལ་བར་འགྱུར། བརྩོན་པ་ཆེན་པོར་འགྱུར་རོ།། དུས
288a6 གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ།།
288a7 ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་མ་ཧཱ་ས་མོ་གྷ་ཀ་རུ། དྷཱ་ན། ས་མཱ་དྷི། སརྦྦ་བི་མོཀྵ། ཨ་པྲ་ཀམྦྷ་ཀ། ཙུ་རུ་ཙུ་རུ། ཧཱུཾ་ཕཊ་སྭཱཧཱ། གཟུངས་འདི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དྲུང་དུ་ཡིད་ལ
iiif viewer powered by OpenSeadragon
287b - 288b