e-texts navigator
Collection
Volume
Page
Wylie

287a1 པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། ། ཨོཾ་ཨ་མོ་གྷ་པཱ་ཤ་མ་ཧཱ་དཱ་ན་པཱ་ར་མི་ཏཱ་པ་རི་པཱུ་ར་ཡ་ཧཱུ~ཾ། དཱ་ར་ད་རཱ། བི་བི་དྷ་རཱ། བི་ཙི་ཏྲཻཿསརྦ་སཏྭཱ་ཨུ་པ
287a2 བྷོ་ག། ཏ་ཐཱ་ག་ཏ། མ་ཧཱ་དཱ་ན། པཱུ་ཛ་མ་གྷ་པྲ་བ་ཏཱ་ཡ། ཏ་ར་ཏ་ར། ཏཱ་ར་ཡ། མ་ཧཱ་པཱ་མ་ཎི་ཧཱུ~ཾ་ཕཊ་སྭཱཿ། བདི་ནི་དོན་ཡོད་ཞགས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་ཆེན་པོ་སྟེ། གང་།
287a3 གིས་ཡུངས་འབྲུ་ཙམ་གྱི་སྦྱིན་པའང་བྱིན་ཏེ་དྲན་པ་ཙམ་གྱིས་ལན་བདུན་བཟླས་བརྗོད་བྱས་ན། མཆོད་སྦྱིན་ཆེན་པོ་རྣམ་པར་འཕྲུལ་པ་ཆེན་པོ་ཤིན་ཏུ་རྒྱས་པ་ཆེན་པོའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ
287a4 རྫོགས་པར་འགྱུར་རོ། ། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས
287a5 དབང་ཕྱུག་ལ་ཕྱག་འཚལ་ལོ། ། ཨོཾ་ཨ་མོ་གྷ་ཤཱི་ལ། སཾ་བྷ་ར་སཾ་བྷ་ར། བྷ་ར་བྷ་ར། མ་ཧཱ་ཤུད་དྷ་སཏྭ་པདྨ་བི་བྷུ་ཥི་ཏ། བྷུ་ཛ། དྷཱ་ར་དྷ་ར། ས་མནྟ་ཨ་ཝ་ལོ་ཀི་ཏི་ཧཱུཾ་ཕཊ་སྭཱ་ཧཱ། གཟུངས་འདི་གསོ་སྦྱོང་གི
287a6 ཡན་ལག་བརྒྱད་བཟུང་ནས་སྤྱང་བར་གནས་པ་བྱས་ཏེ་མི་སྨྲ་བར་ལན་ཉི་ཤུ་རྩ་གཅིག་ཏུ་དྲངས་པས་བརྗོད་པར་བྱས་སོ། ། དེ་ནས་དོན་ཡོད་ཞགས་པའི་སྙིང་པོ་བཟླས་བརྗོད་བྱའོ།། བཟླས་བརྗོད་བྱས་པ་ཙམ
287a7 གྱིས་མོད་ལ་ཚུལ་ཁྲིམས་དག་པ་ཆེན་པོ་དང་ལྡན་པར་འགྱུར་རོ། ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ།། ཚུལ་ཁྲིམས་ཀྱི་དྲི་ཞིམ་པོ་མང་པོ་ལུས་ལ་འབྱུང་ཞིང་། ཕྱོགས་བཅུའི




iiif viewer powered by OpenSeadragon

286b - 287b

Texts on this page

S639 - 'phags pa don yod zhags pa'i pha rol tu phyin pa drug yongs su rdzogs par byed pa zhes bya ba'i gzungs