| | e-texts navigator
|
286a1 འཕྲེང་བས་བཅིངས་ཏེ། ཁར་ཤུག་པ་འམ་ཐང་ཤིང་གི་མགོ་ལྕོགས་བཅུག་ལ་མེ་ཏོག་དང་འབྲས་བུས་བརྒྱན་པ་གཅིག་པདྲིའི་སྟེང་དུ་བཞགས་ལ། གཟུངས་ཀློག་པ་ཉིད་འཕགས་པ་སྨན་རས
286a2 གཟིགས་དབང་ཕྱུག་གི་སྐུར་བསྒྱུར་ཏེ། བུམ་པ་དེའང་རིན་ཆེན་རྫིང་བུ་བདུད་རྩིའི་ཆུས་གང་བར་བསམས་ལ། ཆུ་དེའི་ནང་ནས་པདྨ་དཀར་པོ་གཅིག་བྱུང་བར་བསམས་ཏེ། པདྨ་དེ་ལ་འཕགས་པ་སྤྱན་རས
286a3 གཟིགས་དབང་ཕྱུག་གི་སྙིང་པོ་ཡི་གེ་དཀར་པོ་བསམས་ཏེ། ཡི་གེ་དེ་ལས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཏུ་གྱུར་པར་བསམས་ལ་མཆོད་པ་དང་བསྟོད་པ་བྱས་ཏེ། གང་བསྒྲུབས་པའི་དངོས
286a4 པོ་གྲུབ་པར་གྱུར་ཅིག་ཅེས་གསོལ་བ་བཏབ་པས། ཨ་མོ་གྷ་པཱ་ཤའི་གཟུངས་མང་པོས་བུམ་པ་དེ་ལ་ལན་བཅུ་གསུམ་དུ་ཚིག་གཞན་མི་སྨྲ་བར་བཟླས་ཏེ། བུམ་པ་དེའི་ཆུས་དེའི་སྤྱི་བོ་ནས་བླུགས་ན་བགེགས
286a5 དང་གདོན་ལ་སོགས་པ་ལས་ཐར་པར་འགྱུར་རོ། ། དེ་ལ་གོས་དང་བཅས་པར་སྤྱི་བོ་ནས་ཐུགས་ལ། ཐུགས་པའི་ཚེའང་གཟུངས་ཀློག་པ་དང་ཀློག་པར་བྱ་བ་གཉིས་ཀས་ཀྱང་ལུས་བྱི་ནང་གཉིས་དག་པ
286a6 དང་། ། འདྲེ་གདོན་ལས་ཐར་པར་སེམས་རྩེ་གཅིག་ཏུ་སེམས་ཤིང་བཀླག་གོ།། གོས་གཤེར་བ་དེའང་ཡུགས་དོར་བའི་ཐབས་སུ་བོར་ལ། གོས་དཀར་པོ་གསར་པ་གོན་ཏེ། སྤོས་དང་མེ་ཏོག་ལ་སོགས
286a7 པས་ལུས་བརྒྱན་པ་དེ་ཉིད་ལན་ཅིག་བཀླགས་པས་ལུས་བསྲུངས་ཏེ་བཀྲ་ཤིས་ཀྱང་བཀླག་གོ། ། དཀྱིལ་འཁོར་དེའི་ཁོ་ར་ཁོར་ཡུག་ཏུ་འཇིག་རྟེན་སྐྱོང་བ་བརྒྱད་ཀྱང་སོ་སོའི་མིང་སྨོས་ཏེ་སྤྱན་དྲངས་ལ་མཆོད་ནས། ལས
iiif viewer powered by OpenSeadragon
285b - 286b