e-texts navigator
Collection
Volume
Page
Wylie

282a1 སྭཧཱ། ནི་ཡ་ཏ་ཨ་ནི་ཡ་ཏ་བེ་ད་ནཱི་ཡ་མ་གུ་བྷ་སྱ་མེ་བྷ་ག་ཝན་ཀ་ཟླ་ཆོས་ཀེ་རཏཿཀྵ་ས~ཾ་ཀུ་རུ་སྭཱ་ཧཱ། ཨོཾ་པདྨ་ཧསྟཱ་ཡ་སྭཱ་ཧཱ། ཨོཾ་བུདྡྷ་དྷརྨཱ་སཾ་བྷཱ་ཡ་སྭཱཿ། བཀླགས་པས་ལས་ཐམ
282a2 ཅད་འགྲུབ་པ་ཡིན་ནོ། ། དུས་གསུམ་དུ་བཟླས་ན་མཚམས་མེད་པ་ལྔ་རྣམ་པར་དག་པར་འགྱུར་རོ།། ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་དག་པར་འགྱུར་རོ།། ཨ་ཀ་རུའི་གདུག་སྤོས་དང་། ཐལ་བ་དང་། ཆུ་དང
282a3 ཡུངས་ཀར་དང་། ས་ལྡེང་གི་པུར་བུ་ལ་སོགས་པས་མཚམས་བཅིང་ངོ་།། རིམས་ནད་ཐམས་ཅད་ལ་སྲུང་སྐུད་བཅིང་བར་བྱའོ།། ནད་ཐམས་ཅད་ལ་མར་རམ། མར་ནག་གམ། ཆུ་ལ་ཡོངས་སུ་བཟླས་ཏེ་སྦྱིན་པར་བྱའོ
282a4 ལུས་ལ་ཁྱབ་པའི་ནད་ལ་མཚོན་ཆས་ཀཅད་ཅིང་སྲུང་སྐུད་ཀྱང་བྱའོ། ། ལྗོན་པ་ལ་ཚྭ་ཆུས་ཉམས་པར་བྱེད་པ་འམ། འཇིམ་བག་གྲམ། ཆུས་ཀྱང་བྱའོ།། མིག་གི་ནད་ལ་སྐུད་པ་དཀར་པོ་རྣ་བ
282a5 ལ་བཅིང་བར་བྱའོ། ། སོའི་ནད་ལ་ཀ་ར་ཝཱི་རའི་སོ་ཤིང་གིས་སོ།། མཚམས་བཅིང་བ་ལ་ནི་ཚོན་སྣ་ལྔའི་སྐུད་པ་ལ་ལན་ཉི་ཤུ་རྩ་གཅིག་གི་བར་དུ་ཡོངས་སུ་བཟླས་ནས་སེང་ལྡེང་གི་པུར་བུ་བཞི་ལ་བཅིངས
282a6 ཏེ་ཕྱོགས་བཞིར་གདབ་པར་བྱས་ན་མཚམས་བཅིངས་པ་ཡིན་ནོ། ། ཐམས་ཅད་དུ་སྲུང་སྐུང་ངམ། ཆུ་འམ། ཐལ་བས་བྱའོ།། གཟའ་ཐམས་ཅད་ལ་ཚོན་སྣ་ལྔའི་སྐུད་པས་བྱའོ།། རིམས་ཐམས་ཅད
282a7 ལ་སྐུད་པ་དཀར་པོས་བྱའོ། ། སྦྲུལ་དང་། སྲིན་བུ་དང་། བ་སྤུ་བྱི་བ་དང་། ལྷོག་པ་དང་། གྲེ་བ་འགགས་པ་རྣམས་ལ་སྦྲང་རྩི་པི་པི་ལིང་དང་ལྡན་པས་བྱའོ།། མིག་གི་ནང་ལ་དྲི་ཞིམ་པོས་ཆུ་འམ།




iiif viewer powered by OpenSeadragon

281b - 282b

Texts on this page

S637 - 'phags pa don yod zhags pa'i snying po zhes bya ba theg pa chen po'i mdo