| | e-texts navigator
|
267b1 མུཁྱུད་དང་པོར་མི་བཤོལ་སྔགས།། གཉིས་པ་གདོང་བཅུ་གཅིག་པའི་སྔགས།། གསུམ་པ་ཨུཏྤལ་འཕྲེང་བ་སྟེ།། ཡང་ཏོག་རྩེ་འམ་མཛོད་བཞག་ནས།། གསོལ་བཏབ་མཆོད་ན་ལོངས་སྤྱོད་འཕེལ།
267b2 བུད་མེད་གང་ཞིག་བུ་འདོད་པས།། དེ་བཞིན་པདྨ་འདབ་བརྒྱད་པ།། ཕྱོགས་བཞིར་ཧྲཱིཿབྲི་མཚམས་སུ་དྲང་།། དབུས་སུ་ཁྱེའུའི་གཟུགས་ཤིག་བྲི།། ཕྱོགས་བཞིར་ཡིད་བཞིན་ནོར་བུ་བྲི།། སྔགས་བུ
267b3 སྤྲོ་ལ་བཅས་བྲི་བར་བྱ། ། མཚམས་བཞིར་ཨོཾ་དང་ཨ་མ་ར།། ཛཱི་ཝ་ན་ཏཱི་ཡེ་སྭཱ་ཧཱས་བསྐོར།། མུ་ཁྱུད་དང་པོ་སྤྱན་རས་གཟིགས།། པདྨ་རྒྱན་ལུང་ཅན་གྱི་སྔགས།། གཉིས་པར་གདོང་བཅུ་གཅིག་པའི
267b4 སྔགས། ། གསུམ་པ་ཨུཏྤལ་དམར་པོའི་འཕྲེང་།། བོད་འཕྲོ་རྟག་པར་མཆོད་པ་དང་།། ཕུལ་དུ་བྱུང་བ་བསྟོད་པས་བསྟོད།། གསོལ་བ་འདེབས་ཤིང་སྔགས་བཟླས་ན།། བུ་སྩོལ་འགྱུར་ལ་ཐེ་ཙོམ་མེད།།
267b5 སྲུང་དང་ནོར་འཕེལ་དབང་བྱེད་དང་།། བུ་སློང་བ་ཡི་ཕྱག་རྒྱ་ནི།། སྨིན་དྲུག་སྣར་མ་རྒྱལ་ལ་བྲི།། ལྷག་མ་རྣམས་ནི་ཅི་བདེར་བྲི།། གང་ཞིག་སེམས་སྟོར་ཡིད་མི་དགའ།། གློ་བུར་ཡི་མུག་སྐྱེ་འགྱུར་ན།།
267b6 པརླ་འདབ་མ་བཞི་པ་ཡི།། དབུས་སུ་རང་གཟུགས་མཚན་མ་བྲི།། འདབ་མར་རྡོ་རྗེ་མདོག་བཞི་པ།། གདོང་བཅུ་གཅིག་པའི་སྔགས་ཀྱིས་བསྐོར།། མུ་ཁྱུད་ལ་ནི་སྤྱན་རས་གཟིགས།། དོན་ཡོད་ཞགས་པའི
267b7 སྔགས་བྲིའོ། ། གཉིས་པར་རྡོ་རྗེའི་འཕྲེང་བ་བྲི།། དེའི་རྒྱབ་འོད་ཀྱི་འཕྲེང་བ་བྲི།། རྟག་པར་མཆོད་ཅིང་གསོལ་བ་གད་པ།། ནད་སེལ་ཚེ་རིང་བསོད་ནམས་འཕེལ།། གང་ཞིག་ཤེས་རབ་འདོད་པས་ནི།། དཔལ
iiif viewer powered by OpenSeadragon
267a - 268a