| | e-texts navigator
|
267a1 བཞི་ཧྲཱིཿལ་གཡོན་བསྐོར་དུ། ། བཱིཿགཱི་ཝ་ཤཾ་ཀུ་རུ་ཎཱི།། མུ་ཁྱུད་དང་པོ་མགོན་པོ་ནི།། པདྨ་གར་དབང་སྔགས་བྲིའོ།། གཉིས་པ་ཨུཏྤལ་དམར་པོ་འཕྲེང་།། གསུམ་པ་ལྕགས་ཀྱུ
267a2 ཉི་ཤུ་གཅིག། དབུས་སུ་བཾ་ཡིག་ཧྲཱིར་བཅས་བྲི།། ལྷ་དམ་ཉིད་ཀྱང་དམ་བྱེད་ན།། འགྲོ་བ་གཞན་ལྟ་སྨོས་ཅི་དགོས།། གསོལ་དང་བཀྲ་ཤིས་བརྗོད་པ་དང་།། བགེགས་ཀྱི་གནོད་པ་སེལ་འདོད་པས།།
267a3 རྩེ་གསུམ་རྡོ་རྗེ་རྒྱ་གྲམ་སྟེ།། དབུས་སུ་སྤྱན་རས་གཟིགས་དབང་མགོན།། པདྨ་གཙུག་ཏོར་སྔགས་བྲིའོ།། རྭ་རྣམས་ཀུན་ལ་ཧཱུཾ་ཡིག་ནི།། བགེགས་མིང་ཨུ་ཙ་ཏ་ཡི་བསྐོར།། མུ་ཁྱུད་དང་པོ་སྤྱན་རས་གཟིགས།།
267a4 ཧ་ལ་ཧ་ལའི་སྔགས་བྲིའོ།། གཉིས་པ་ཁྲོ་བོ་རྟ་སྐད་སྔགས།། གསུམ་པར་བགེགས་དགྲའི་སྔགས་བྲིས་ལ།། དེ་རྒྱབ་མེ་ཡི་ཕུང་པོ་བྲི།། གང་ཞིག་འཁོར་ལོ་འདི་བྲིས་པས།། སྲེད་མེད་བུ་ལྟར་མཐུ་ཆེ་བའི།།
267a5 གདུག་པ་ཅན་ཡང་བཐོར་བྱེད་ན།། ཕྲན་ཚེགས་འབྱེར་བ་སྨོས་ཅི་དགོས།། གང་ལ་སེར་སྣ་རྣམ་ཆགས་ཤིང་།། ལོངས་སྤྱོད་འཕེལ་བར་མི་འགྱུར་ན།། ཕུན་སུམ་ཚོགས་ལྡན་དཔལ་འཕེལ་ཕྱིར།། སྐྱོབ་པའི་ཕྱག
267a6 རྒྱ་བཤད་པར་བྱ། ། རྒྱལ་པོ་འམ་ནི་དགེ་འདུན་ལ།། གཙང་ལྡན་རབ་བཟང་བླངས་ནས་ཀྱང་།། དག་པར་བཀྲུས་ཏེ་དྲི་བཟང་བྱུག། ལེགས་པར་བརྒྱན་ནས་ཐིག་བཏབ་སྟེ།། གུར་ཀུམ་དང་ནི་གཱ་རྩི་ཡིས།། པདྨ
267a7 འབདབ་བཅུ་དྲུག་པ་བྲི། ། ཕྱོགས་བཞིར་འདབ་མར་དཔལ་བེའུ་སྟེ།། མཚམས་བཞིར་ཡིད་བཞིན་ནོར་བུ་བྲི།། མཚམས་བརྒྱད་ལ་ནི་ཡི་གེ་གང་།། ཨོཾ་དང་བཛྲད་ཀེ་ཧཱུཾ། ཡི་གེ་དྲུག་གིས་བསྐོར་བར་བྱ།།
iiif viewer powered by OpenSeadragon
266b - 267b