| | e-texts navigator
|
264b1 རི་བོའི་རྩེ་ལ་གཏོར་བར་བྱ།། དྲག་པོས་འབྱུང་པོ་སེལ་བར་བྱེད།། ལམ་གྱི་གཞུང་དུ་གཏོར་བར་བྱ།། ཞི་དང་དབང་གི་ཞིང་ཕྱོགས་དང་།། རབ་སྐྱེད་མོས་ཚལ་དུ་གཏོར།། དག་པར་བྱེད་པས་ཆུ་བོ
264b2 ལྟར། ། རྒྱས་པ་ཉི་མའི་དཀྱིལ་འཁོར་དང་།། གང་བར་བྱེད་པ་རྒྱ་མཚོ་ལྟར།། སྦྱིན་སྲེག་གིས་ནི་ལྷ་མཉེས་ཤིང་།། སྔགས་སྒྲུབ་སྔགས་ཀྱི་ལས་རྣམས་འགྲུབ།། དྲང་སྲོང་ཚོག་ནམ་ཐམས་ཅད་དང་།། དྲི་ཟའི་ཚོགས་རྣམས་ཐམས་ཅད
264b3 དང་། ། འབྱུང་པོའི་ཚིགས་རྣམས་ཐམས་ཅད་ནི།། སྦྱིན་སྲེག་གིས་ནི་རབ་དགའ་ནས།། རྣལ་འབྱོར་གྲོགས་བྱེད་སྲུང་བ་དང་།། སྐྱོབ་ཕྱིར་ཚེ་རིང་དཔལ་འཕེལ་ཞིང་།། ནད་མེད་ལོངས་སྤྱོད་རྒྱས
264b4 པ་དང་། ། བསམ་པ་བཞིན་དུ་འགྲུབ་པར་གྱུར།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པདྨ་དྲ་བ་ཞེས་བྱ་བ་ལས།། མེ་ལྷ་བརྟེན་པའི་ལེའུ་སྟེ་བཅུ་པའོ།། །
264b5 ། དེ་ནས་བྱང་ཆུབ་སེམས་དཔའ་ཆེ།། རྫུ་འཕྲུལ་འཁོར་ལོ་ཞེས་བྱ་བ།། མཁའ་ལ་ཡི་གེ་སྤྲུལ་ནས་ནི།། འགྲེ་དོན་སྣ་ཚོགས་མཛད་པ་ཞིག། འཁོར་བཅས་དཀྱིལ་འཁོར་དེར་ལྷགས་ནས།
264b6 ཕྱག་འཚལ་བསྐོར་བ་དུ་མ་བྱས།། མཆོད་པའི་སྤྲིན་གྱིས་རྒྱས་པར་མཆོད།། ཕྱོགས་གཅིག་འཁོད་ནས་སྟོན་པ་ལ།། མགྲིན་གཅིག་གསུང་ནི་སྙན་པ་ཡི།། འདི་སྐད་ཚིག་ནི་གསོལ་བ་འདེབས།།
264b7 ཨོཾ། མཚན་དང་དཔེ་བྱད་བརྒྱན་པའི་སྐུ།། འཇིག་རྟེན་འཇིག་རྟེན་འདས་པ་ཡི།། ཆོས་ཀྱི་ལོངས་སྤྱོད་ཇི་སྙེད་པ།། རྫོགས་པར་ལོངས་སྤྱོད་མཛད་ཕྱག་འཚལ།། གང་ལ་མཁོ་བ་དེའི་གཙོ་བོ།།
iiif viewer powered by OpenSeadragon
264a - 265a