| | e-texts navigator
|
248b1 འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པདྨ་ཟ་བ་ཞེས་བྱ་བ་ལས། དངོས་གྲུབ་འབྱུང་བའི་ལེའུ་སྟེ་བདུན་པའོ།། དེ་ནས་ནད་དང་གནོད་པ་སོགས།། སྔགས
248b2 བརྗོད་ཙམ་གྱིས་བསལ་བར་བཤད། ། ནད་གདོན་གང་དང་གང་ལ་ཡང་།། སྔགས་པས་དྲག་ཏུ་གསལ་བཏབ་ལ།། རང་གི་རྩེ་གཅིག་སེམས་ཀྱིས་བཟླ།། དང་པོ་སྙིང་རྗེར་བཅས་པ་ཡི།། སྔགས་ཀྱིས་ནད་དང
248b3 གདོན་ལས་གྲོལ། ། དེ་ཚེ་མཆོད་ལ་བརྩོན་པར་བྱ།། སྨྱོན་ནད་ཉིན་རེ་ལྡང་བ་དང་།། ཉིན་གཉིས་པའམ་ཉིན་གསུམ་པ།། ཉིན་བཞི་ཉིན་བདུན་ལྡང་བའི་རིམས།། འབྱུང་པོ་མཁའ་འགྲོ་ཤ་ཟའམ།། སྨོ་བྱེད་བརྗེད
248b4 བྱེད་ལུས་སྲུལ་པོ། ། འདྲེ་གདོན་དྲག་པོས་བགྱིས་མོད་ཀྱང་།། བརྒྱ་རྩ་བརྒྱད་ཀྱིས་སེལ་བར་འགྱུར།། ཡང་ན་སྲད་བུ་ཁ་དོག་ལྔ།། མདུད་རེ་སྔགས་རེ་བརྒྱ་རྩ་བརྒྱད།། མདུང་ལྡན་མགུལ་ལམ་དཔུང་པར་གདགྲ
248b5 ཁ་ན་མ་ཐོ་བསགས་པ་ཡི། ། སྒྲིབ་ཀུན་ཞི་ཞིང་བྱང་གྱུར་ན།། བགེགས་སོགས་ནད་ལྟ་སྨོས་ཅི་དགོས།། བདེ་བརླབས་བསམ་གྱིས་མི་ཁྱབ་བོ།། སྐྲངས་དང་འབྲས་ཀྱི་འཕྲེང་བ་དང་།། ཤུ་བ་ཕོལ་མིག་རྨ་མཛེ།
248b6 དང་། མེ་དཔལ་ལྡོག་པ་གཡན་ལ་སོགས།། མ་རུངས་པ་ཡི་ནད་རྣམས་དང་།། རལ་གྲི་མདའ་མདུང་ལ་སོགས་པས།། མྱོས་སམ་དེ་ཡིས་ཉེན་པ་དང་།། སྦྲུལ་དང་སྡིག་པ་རྩངས་པ་དང་།། བུང་བ
248b7 མཆུ་རྣོན་ལ་སོགས་པའི། ། གདུག་པ་རྣམས་ལ་ལན་བདུན་དང་།། བརྒྱ་རྩ་བརྒྱད་དང་སྟོང་དུ་བརྗོད།། ཡང་ནས་སེར་འཇིམ་པས་བྱུག། དེ་ཡིས་ནད་ལས་གྲོལ་བར་ངེས།། བགེགས་སམ་རླུང་ལ་སོགས་པ
iiif viewer powered by OpenSeadragon
248a - 249a