| | e-texts navigator
|
232b1 དབང་པོ་མིན། ། དུས་ཀྱིས་མ་ཡིན་གཏན་གྱིས་མིན།། རྒྱུ་དང་དེ་བཞིན་རྟེན་གྱིས་མིན།། གནས་སྐབས་གཞན་ཡང་དེ་ལ་མེད།། དེ་ལ་སེམས་པའི་སེམས་ཉིད་ཀྱང་།། གང་ནས་མ་འོངས་གར་མི་གནས།། གར
232b2 ཡང་མ་སོང་བརྟགས་ན་སྟོང་། ། བརྟག་པར་བྱེད་པ་རྟོག་པ་ཙམ།། དངོས་རྣམས་བརྟགས་པ་མིང་ཙམ་སྟེ།། ཀུན་རྫོབ་ཙམ་དུ་མིང་ཡིག་ལ།། རྟེན་ནས་རང་གི་སེམས་བཟུང་ན།། རྦོད་ཀྱི་བཞི་པ་དང་པོར་གཟུང་།།
232b3 ཕྱུང་བའི་གཉིས་པ་དེ་ལ་བརྟེན།། དེ་ལ་དང་པོ་གཉིས་པས་བསྐོར།། དང་པོའི་བཅོ་ལྔས་མནན་པ་སྟེ།། བཅུ་དྲུག་པ་ནི་གྲོགས་སུ་གཞག། ཡི་གེ་དྲུག་ལ་གྲུབ་པ་ནི།། སངས་རྒྱས་དྲུག་གི་རང་བཞིན་ཏེ།། འོད་ཟེར་རྣམ་པ
232b4 དྲུག་དང་བཅས། ། རླུང་དྲུག་གིས་ནི་དབང་བྱས་ནས།། ཡུལ་ནི་རྣམ་པ་དྲུག་ལ་འཇུག། ཡུལ་དྲུག་དག་གི་དབང་བྱས་ནས།། ཉོན་མོངས་རྣམ་པ་དྲུག་དང་བཅས།། ཉོན་མོངས་རྒྱས་པར་འགྱུར་བ་ཡིན།། ཕུང་པོ
232b5 རྣམ་པ་དྲུག་དང་ལྡན། ། ཕུང་པོ་གྲངས་ཀྱི་དབྱེ་བས་ནི།། ཡན་ལག་དྲུག་དྲུག་འཕེལ་བར་འགྱུར།། ཡན་ལག་རྫོགས་པའི་གྲིབ་མས་ནི།། རང་བཞིན་དག་པའི་སེམས་སྒྲིབ་བྱེད།། སྒྲིབ་གཉིས་གོ་བས་འཐུག་པོ་ནི།།
232b6 གསལ་ཀའི་རི་བོ་དང་བཅས་པ།། རྟག་ཆད་གནས་སུ་བཞུགས་པའོ།། སྲོག་རྩོལ་བསྡམས་པའི་སྦྱོར་བ་ཡིས།། ཕྱི་རོལ་སྣང་བ་ནུབ་པར་འགྱུར།། རྩོལ་དང་བྲལ་ནས་དགའ་སྐྱེ་སྟེ།། ཡི་གེ་ལ་ནི་སེམས་གནས་འགྱུར།།
232b7 ཡི་གེ་གསལ་བའི་འོད་ཟེར་ནི།། བ་སྤུའི་ཁུང་རྣམས་ཐམས་ཅད་ནས།། སེམས་དང་བཅས་པ་ལྡང་འཇུག་སྟེ།། སླར་ཡང་ཐིག་ལེ་བསྡུས་ནས་ནི།། ཡི་གེ་ཉིད་ཀྱང་མི་དམིགས་སོ།། འཛིན་པ་དེ་ལས་ཐོས
iiif viewer powered by OpenSeadragon
232a - 233a