| | e-texts navigator
|
210b1 ཞི་བའི་ཆེ་བ་ཉིད་ཡིན་ནོ།། སྲེད་པ་དངོས་པོ་མེད་པ་ལ།། དམིགས་པར་བྱེད་པ་སྒོམ་པའོ།། དམིགས་པ་མཐར་ཐུག་མེད་མཐོང་བ།། དེ་ནི་སྒོམ་པའི་འབྲས་བུའོ།། ཀུན་ཏུ་བཟང་པོའི་གསང་སྔགས་ཀྱི།། དོན་ལ་ཆེད་དུ།
210b2 འདི་ལྟར་བརྗོད།། ཨེ་མ་སྐུ་གསུམ་ཐ་དད་པར།། ལུས་ངག་ཡིད་ཀྱི་དོན་ལས་བྱུང་།། དོན་གཅིག་པ་ཡི་རྣལ་འབྱོར་གྱིས།། སྐུ་གཅིག་ཏུ་ནི་ངེས་པར་གཟུང་།། གང་ལ་གང་ཕན་སྐྱེད་པ་ལ།། འཇའ་ཚོན་བཞིན་དུ་སྣང
210b3 མོད་ཀྱང་། ། ཚིག་གིས་བརྗོད་པའི་སྤྲུལ་ཙམ་སྟེ།། ཡེ་ཤེས་སྐུ་ལ་དབྱེ་བ་མེད།། སྒྲིབ་པ་རྣམ་སེལ་ལས་ལ་ནི།། ཆེད་དུ་བརྗོད་པ་འདི་ལྟར་བརྗོད།། ཨེ་མ་དངོས་པོ་ངོ་བོ་ཉིད།། མ་བྱུང་མ་སྐྱེས་མ་འགགས་པ།
210b4 སྐྱེ་འགག་ལྟ་བུའི་ཆོ་འཕྲུལ་ནི།། སྐུ་དེས་ཕྱག་རྒྱ་སྔགས་སུ་སྣང་།། ཡོན་ཏན་ཆུ་ཡི་རླབས་བཞིན་དུ།། སྐྱེ་བའི་ངོ་ལ་གསལ་བར་བྱེད།། ནན་ཏན་གྱིས་ནི་དེ་ཉིད་ཀྱང་།། རྒྱུ་བ་མེད་པར་ཁོང་དུ་ཆུད།། བྱང་ཆུབ་སེམས
210b5 དཔའ་ས་སྙིང་གིས། ། རྒྱུ་ལ་ཆེད་དུ་འདི་བརྗོད་དོ།། ཨེ་མ་རང་བཞིན་རྣམ་དག་ལ།། ཐོགས་མེད་བློ་ཡི་མུན་པའི་དབྱིངས།། རྣམ་རྟོག་བག་ཆགས་ཀྱིས་དཀྲུགས་ནས།། བློ་བུར་དཀར་གནག་ལས་སུ་སྣང་།།
210b6 དཀར་པོ་སངས་རྒྱས་ཆོས་དགེ་འདུན།། དེ་ལ་སྒྲོ་བཏགས་བྱང་ཆུབ་སེམས།། དེ་ལས་བྱུང་བའི་འཕྲིན་ལས་ཀྱིས།། ཉོན་མོངས་ལས་ཀྱི་སྒྲིབ་སྦྱོང་བྱེད།། མགོན་པོ་བྱམས་པས་སྔགས་སྒྲུབ་ཀྱི།། ལམ་ལ་ཆེད་དུ་འདི
210b7 ལྟར་བརྗོད། ། ཨེ་མ་གདོད་ནས་གྲོལ་ཞིའི་སེམས།། ཆུ་ལྟར་དང་བར་སྣང་མོད་ཀྱང་།། སྣ་ཚོགས་འགྲོ་བའི་གཟུགས་བྱུང་བས།། མུན་པོ་ཐིབས་པོར་རྣམ་པར་བསྒྱུར།། དེ་ཉིད་སེམས་ཀྱི་སྣང་བའི་ཕྱིར།
iiif viewer powered by OpenSeadragon
210a - 211a