| | e-texts navigator
|
206a1 པར་བྱའོ། ། ཉི་ཤུ་རྩ་གཅིག་ཏུ་བཟླས་པ་བྱས་ན་རྩ་བ་བཞིའི་ལྟུང་བའང་སྡིག་པ་ཡོངས་སུ་འབྱང་བར་འགྱུར་ཏེ། སངས་རྒྱས་སྟོང་ལ་དགེ་བའི་རྩ་བ་བསྐྲུན་པར་ཡང་འགྱུར་རོ།། སྣང་བ
206a2 མཐའ་ཡས་རྗེས་སུ་དྲན་པ་རྫོགས་སོ། ། ། རྒྱ་གར་སྐད་དུ། ཨཱརྱ་བ་ལོ་ཀི་ཏེ་ཤྭ་ར་པདྨ་ཛྭ་ལ་མཱུ་ལ་ཏནྟནྟྲ་རཱ་ཛ་ནཱ་མ། བོད་སྐད་དུ། འཕགས་པ་སྤྱན
206a3 རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པདྨ་དྲ་བ་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལེ་གུས་པར་ཕྱག་འཚལ་ལོ།། འདི་སྐད་བདག་གིས
206a4 ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཧི་མ་ལ་ཡའི་ཚལ་ཆེན་པོ་ཙན་དན་སྡོང་པོ་དང་མྱུ་གུ་རྒྱས་པའི་དཀྱིལ་འཁོར་གྱི་ཚོགས་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། འདི་ལྟ་སྟེ། ཚེ་དང་ལྡན་པ་འོད་སྲུངས
206a5 ཆེན་པོ་དང་། ཚེ་དང་ལྡན་པ་གཡ་འོད་སྲུངས་དང་། ཚེ་དང་ལྡན་པ་རླངས་པ་དང་། ཚེ་དང་ལྡན་པ་ཀུན་འགེད་གཞོན་ནུ་དང་། ཚེ་དང་ལྡན་པ་མ་འགགས་པ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཚེ་དང་ལྡན
206a6 པ་མོའུ་འགལ་གྱི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་རབ་འབྱོར་ལ་སོགས་པ་དགེ་སློང་གི་དགེ་འདུན་ཆེན་པོ་སྟོང་ཉིས་བརྒྱ་ལྔ་བཅུ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་འདི་ལྟ་སྟེ། པདྨ་དཀར་པོ་དང་། ཉི་འོད་དང་།
206a7 གཟུངས་ཀྱི་དབང་ཕྱུག་རྒྱལ་པོ་དང་། པདྨའི་སྤྱན་དང་། ཡེ་ཤེས་དབང་ཕྱུག་དང་། པདྨའི་དབང་ཕྱུག་དང་། རྡོ་རྗེའི་སྙིང་པོ་དང་། རིན་ཆེན་སྙིང་པོ་དང་། ཀུན་ཏུ་བཟང་པོ་དང་། སྒྲིབ་པ་རྣམ་པར་སེལ་བ་དང
iiif viewer powered by OpenSeadragon
205b - 206b