| | e-texts navigator
|
205a1 པས་བསྐོར་རོ། ། དད་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་མོས་པ་དང་། དྲད་པ་དང་། གུས་པ་མང་བ་དེ་དེར་སྐྱེ་བར་འགྱུར་ཏེ། གསེར་གྱི་ས་གཞི་ཆེན་པོ་ལ་རིན་པོ་ཆེ་སྣ
205a2 བདུན་གྱི་པདྨ་ཆེན་པོ་དག་ལ་རྫུས་ཏེ་སྐྱེ་བར་འགྱུར་རོ། ། དགེ་སློང་དག་དགེ་སློང་ཕ་འམ། དགེ་སློང་མ་འམ། དགེ་བསྙེན་ཕའམ། དགེ་བསྙེན་མ་གང་ལ་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག
205a3 མེད་དེའི་མཚན་ཡང་དག་པར་འཛིན་པ་དེ་ལ་མེའི་འཇིགས་པ་མི་འབྱུང་། ཆུའི་འཇིགས་པ་མི་འབྱུང་། དུག་གི་འཇིགས་པ་མི་འབྱུང་། མཚོན་ཆའི་འཇིགས་པ་མི་འབྱུང་།། གནོད་སྦྱིན་གྱི་འཇིགས་པ་མི་འབྱུང།
205a4 སྲིན་པོའི་འཇིགས་པ་མི་འབྱུང་ངོ་།། སྔོན་གྱི་རྣམ་པར་སྨིན་པ་ནི་གང་ལའང་མ་གཏོགས་སོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་དང་། ཐམས་ཅད་དང་ལྡན་པའི
205a5 འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་ཚེ་དང་ཡེ་ཤེས
205a6 དཔག་ཏུ་མེད་པའི་སྙིང་པོ་ཞེས་བྱ་བའི་གཟུངས་རྫོགས་སོ། ། ། རྒྱ་གར་གྱི་མཁན་པོ་པུཎྱ་སཾ་བྷ་ཝ་དང་། ཞུ་ཆེན་གྱི་ལོ་ཙ་བ་པ་ཚ་བ་ཉི་མ་གྲགས་ཀྱིས་བསྒྱུར་བའོ།།
205a7 རྒྱ་གར་སྐད་དུ། བྷ་ག་བན་ཨ་མི་ཏཱ་བྷ་དྷཱ་ར་ཎི་མནྟ། བོད་སྐད་དུ། བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཀྱི་གཟུངས་སྔགས་བཅོམ་ལྡན་འདས་དེ་བཞིན་གཤེས
iiif viewer powered by OpenSeadragon
204b - 205b