| | e-texts navigator
|
204b1 ལེ། བི་ཤྲཱདྡྷ་པྲབྷཱ་ས། དྷཱརྨྨ་ཀ་ར།། ནིརྷ་ཏེ། ནིར་བཱདྡྷེ། བི་མ་ཝེ། བི་ར་ཛེ། རཱ་ཛས། རས?་རྦེ། ར་སཱ་རྦ་པ་ལེ། རཱ་སཱ་མ?། ཨ་རྦིཥྚི་ཏེ། ཀུ་ལེ་པྲ་ཏི་ཀུ་ལེ། བི་ཀུ་ལེ། དནྟེ་སུ་དནྟེ་ཙིཏྟ
204b2 སུ་པྲ་ཤཱནྟུ་ཙིཏྟ། སུ་པྲ་ཏིཥྛི་ཏི། སུ་ལེ་སུ་མུ་ཁཱི། དྷཱརྨྨ་ཙརྠ་མེ་བ་ལེ་བ་ལེ། ཨ་ནུ་ཤ་ཨ་བ་ལེ། བུདྡྷ་ཨཱ་ཀཱ་ཤ་གུ་ཎེ་བུདྡྷ། ཨཱ་ཀཱ་ཤ་ནིར་གུ་ཎཾ། ཨ་མྲྀ་ཏ་དུན་དུ་བྷཱིཿསཱ་རེ་སྭཱ་ཧཱ། དགེ་སློང་དག
204b3 དད་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་འཆི་མེད་རྔ་སྒྲའི་རྒྱལ་པོ་ཞེས་བྱ་བའི་གཟུངས་འདི་སྐད་བསྟན་པ་དེ་བཞིན་དུ་ཁ་ཏོན་བྱེད་པ་དེས། གོས་གཙང་མ་བགོས་ཏེ་ས་ཕྱོགས་གཙང་ཞིང་དྲི་མ་མེད
204b4 པར་དེ་བཞིན་གཤེགས་པ་ཚེ་དཔག་མེད་ལ་མེ་ཏོག་དང་སྤོས་ཀྱིས་མཆོད་པར་བྱའོ། ། བྱང་ཆུབ་ཀྱི་སྙིང་པོ་པདྨའི་གནས་དང་། བྱང་ཆུབ་ཀྱི་ཤིང་ཕུན་སུམ་ཚོགས་པའང་ཡིད་ལ་བྱའོ།། དེ་ལའང་འདོད་པ་བསྐྱེད
204b5 པར་བྱས་ཏེ། འདོད་པ་དང་དད་པ་བྱས་ན་དེ་བཞིན་གཤེགས་པ་ཚེ་དཔག་མེད་དེའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་རོ།། དགེ་སློང་དག་དེ་བཞིན་གཤེགས་པ་ཚེ་དཔག་མེད་ཀྱི་ཤིང་གི་རྒྱལ་པོ་ནི་རིན་པོ་ཆེའི་པདྨ
204b6 རྣམ་པར་སྣང་བ་ཞེས་བྱ་བ་ཤིང་དེ་མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པའོ། ། པདྨའི་གདན་ནི་དག་ཅིང་གསལ་ལ་བཟང་ཞིང་བཀྲ་བའི་འོད་ཟེར་ཅན་ཞེས་བྱ་བ་སྟེ། རིན་པོ་ཆེ་དུ་མས་བསྐོར་བ་ལ་དེ་བཞིན་གཤེགས
204b7 པ་ཚེ་དཔག་མེད་བཞུགས་སོ། ། གཡས་ན་ནི་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གོ།། གཡོན་ན་ནི་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་པ་སྟེ། བྱང་ཆུབ་སེམས་དཔའི་ཚོགས་གྲངས་མེད
iiif viewer powered by OpenSeadragon
204a - 205a