| | e-texts navigator
|
204a1 པ་ཚེ་དཔག་མེད་རྒྱུན་དུ་ཡིད་ལ་བྱའོ། ། དཔལ་འཆི་མེད་རྔ་སྒྲའི་རྒྱལ་པོ་ཞེས་བྱ་བའི་གཟུངས་འདིབང་རྟག་ཏུ་བཟླས་བརྗོད་བྱའོ།། ཉིན་ལན་གསུམ་མཚན་ལན་གསུམ་ཡན་ལག
204a2 ལྔས་ཕྱག་བྱས་ལ། སེམས་ཅན་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ཚེ་དཔག་མེད་བསམ་ན། ཞག་བཅུ་འདས་པའི་དུས་སུ་དེ་བཞིན་གཤེགས་པ་ཚེ་དཔག་མེད་མཐོང་བར་འགྱུར་རོ།། ཕྱོགས
204a3 བཅུན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱང་མཐོང་བར་འགྱུར་རོ། ། དགེ་བའི་རྩ་བ་ཐམས་ཅད་ཀྱང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་ཡོངས་སུ་བསྔོས་ན། དེ་འཆི་བའི་དུས་ཀྱི།
204a4 ཚེ་དེ་བཞིན་གཤེགས་པ་ཚེ་དཔག་མེད་མདུན་ན་བཞུགས་པར་འགྱུར་རོ།། དེ་བཞིན་གཤེགས་པ་ཚེ་དཔག་མེད་དེའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་རོ།། དགེ་སློང་དག་འཆི་མེད་རྔ་སྒྲའི་རྒྱལ་པོ་ཞེས
204a5 བྱ་བའི་གཟུངས་དེ་གང་ཞེ་ན། ཏདྱ་ཐཱ། ཤ་བ་ལཾ། ཨ་བ་ལེ། ས་མ་ཛ་ལེ། ནིརྦེ་ཤེ། ནི་ར་ཛཱ་ཏེ། ནི་རུཀྟེ། ནིར་མུ་ཁེ། ཛྭ་ལ་བ་རནྟེ་ད་ནི། སུ་ཁ་བ་ཏི་ནིར་དེ་ཤེ། ཨ་མྲྀ་ཏེ། ཨཱ་ཡུར་གར་བྷ
204a6 ནིར་ཧཱ་ནི། ཨ་མྲྀ་ཏེ། ཨཱ་ཡུར་པྲ་སཱ་དྷཱ་ནི། ནིར་བུདྡྷི་ཨཱཀྵ་ཤ་ནིར་དེ་ཤེ། ཨཱ་ཀཱ་ཤ་ནིར་ཛཱ་ཏེ། ཨཱ་ཀཱ་ཤ་ནི་ར་ཀུ་ཤ་ལེ། ཨཱ་ཀཱ་ཤ་ནཱིར་དར་ཤ་ནེ། ཨཱ་ཀཱ་ཤ་ཨ་དྷིཥྛཱ་ནེ། སུ་ཁ་བ་ཏེ་ཨདྦྷིཥྚནེ། རཱུ་བ་ནིར
204a7 དེ་ཤེ། ཙཏྭཱ་རི་དྷརྨྨ་པྲ་སཱ་དྷ་ནེ། ཙཏྟཱ་རི་ཨཱརྱ་ས་ཏྱ་པྲ་སཱ་དྷ་ནེ། ཙཏྭཱ་རི་མཱརྷ་བྷ་བ་ན་པྲ་སཱ་དྷ་ནི། བ་ལ་བཱིརྱ་པྲ་སཱ་དྷ་ནི། དྷརྨྨ་ཙྪེ་ད་ནེ། ཀུ་ཤ་ལེ། ཀུ་ཤ་ལ་ནིར་དཻ་ཤེ། ཀུ་ཤ་ལ་པྲ་ཏིཥྚེ་ནེ། བུདྡྷ་ཀུ་ཤ
iiif viewer powered by OpenSeadragon
203b - 204b