e-texts navigator
Collection
Volume
Page
Wylie

414b1 གར་སྐད་དུ། ཨཱརྱ་ཛ་ར་པྲ་ཤ་མ་ནི་ནཱ་མ་དྷཱ་ར་ཎི། བོང་སྐད་དུ། འཕགས་པ་རིམས་ནད་རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ
414b2 ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ན་བཞུགས་ཏེ། དེ་ནས་དགེ་སློང་ཞིག་བཅོམ་ལྡན་འདས་ག་ལ་བ་དེར་སོང
414b3 སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ།། ཕྱོགས་གཅིག་ཏུ་འདུག་ནས་དགེ་སློང་དེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ
414b4 ཏོ། ། བཙུན་པ་བཅོམ་ལྡན་འདས་འདྲིན་སེམས་ཅན་རིམས་ནད་ཀྱིས་རྣམ་པར་གཙེས་པ་རྣམས་མཆིས་ན། བཅོམ་ལྡན་འདས་དེ་དག་སྲུང་དུ་གསོལ་སྲུང་དུ་གསོལ། དེ་ནས་བཅོམ་ལྡན
414b5 འདས་ཀྱིས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ།། ཀུན་དགའ་བོ་ཕྱོགས་འདི་ན་མེ་ལྕེའི་འབྲེང་བ་ཞེས་བྱ་བའི་རིམས་གནས་ཏེ། དེ་སེམས་ཅན་རྣམས་ལ་ཉིན་གཅིག་པ་དང་། ཉིན་གཉིས
414b6 པ་དང་། ཉིན་གསུམ་པ་དང་། ཉིན་བཞི་པའི་ཚུལ་གྱིས་རྣམ་པར་གཙེ་བར་བྱེད་དེ། དེ་སྲུང་བའི་གསང་སྔགས་ཀྱི་གཞི་ནི་འདི་དག་ཡིན་ནོ།། ཏདྱ་ཐཱ། ཛཱ་ལ་ནཱི་ཛཱ་ལ་ནི། པྲ་ཛཱ་ལ་ནི། པྲ་ཏཱི་པ་ནི་པྲ་ཤ་མ?་ནི། བདག
414b7 གི་རིམས་ནད་སོང་ཞིག་མ་འདུག་སྭཱ་ཧཱ། བདེན་པ་དང་བདེན་པའི་ཚིག་གང་གིས་འཇིག་རྟེན་ན་སངས་རྒྱས་བླ་ན་མེད་པ་དང་། འཇིག་རྟེན་ན་ཆོས་དང་དགེ་འདུན་ཟ་ན་མེད་པའི་བདེན་པ་དང་བདེན་པའི




iiif viewer powered by OpenSeadragon

414a - 415a

Texts on this page

S582 - rims nad zhi ba'i gzungs
S583 - 'phags pa rims nad rab tu zhi bar byed pa zhes bya ba'i gzungs