| | e-texts navigator
|
337b1 དེ་ནས་ཐོད་པ་བཟང་པོ་ལ།། མཁས་པ་དག་གིས་སྣག་ཚ་སྦྱར།། དུ་བའི་སྣག་ཚ་སྦྱར་ནས་ཀྱང་།། ནམ་ནངས་བར་དུ་བསླབ་པར་བྱ།། དེ་ནས་ནང་པར་ནམ་ནངས་ཏེ།། དུ་མའི་སྣག
337b2 ཆོས་མིག་བསྐུས་ན། ། གང་མཐོང་དེ་ཡི་དབང་དུ་འགྱུར།། དེ་ལྟར་འགྲོ་བ་དབང་བྱེད་པའི།། སྦྱོར་བ་དེ་ནི་བསྒྲགས་པ་ཡིན།། བཙག་གི་སྦྱོར་བའི་དངོས་གྲུབ་ཀྱང་།། དགེ་བ་དག
337b3 ནི་ད་བཤད་དེ། ། ཡུག་སྣམ་བཙག་ནི་དགེ་བ་དང་།། མི་རོ་ཁར་ནི་བཅུ་གནས་སུ།། དེ་ནས་དེ་ཕྱེད་ཚིག་ནས་ནི།། གྲོགས་མེད་པར་ནི་མཚན་མོ་བླང་།། བླངས་ནས་ལྷ་ཡི་ཁང་སྟོང་དུ།།
337b4 མཁས་པ་དག་གིས་བཟླས་པ་བྱ།། བགེགས་ཀྱང་རྣམ་པ་སྣ་ཚོགས་འབྱུང་།། ཇི་སྲིད་ནམ་ནངས་བར་དུ་ནི།། དེ་ན་འདུག་ཅིང་དེ་ལ་བཟླས།། དེ་ནས་ནམ་ནངས་གྱུར་པ་དང་།། རས
337b5 ནཱིནི་དམར་པོས་དཀྲིས་ནས་ནི། ། མཆོད་ཅིང་བསྲུངས་ནས་གཞག་པར་བྱ།། དེ་ནས་གང་ཡང་རུང་བའི་མིང་།། བཙག་གི་ཡུག་སྣམ་དེ་ཡིས་སུ།། ཅི་འདོད་པར་ནི་བྲི་བར་བྱ།། སྒྲུབ་པ་པོ
337b6 ཡི་མིང་ནས་ཀྱང་། ། བསྐུལ་ནས་དོགས་པ་མེད་པར་ཡང་།། བསྒྲུབ་པར་བྱ་བ་མྱུར་དུ་འོང་།། བཙག་བསྒྲུབས་ཁ་རུ་གསུངས་པ་དག། མདོར་བསྡུས་བཤད་པ་དེ་ཡིན་ནོ།། ད་ནི་ཇི་ལྟར
337b7 རིག་པ་རུ། ། སོར་གདུབ་བསྒྲུབ་པ་སྦྱོར་བར་བཅས།། ཆོ་ག་བཞིན་དུ་གསུངས་པ་དག། མདོར་ནི་རབ་ཏུ་བཤད་པར་བྱ།། མི་ཡི་རོ་ཁྱེར་འགྲོ་བ་ན།། དེར་སོང་ནས་ནི་དེ་ཡི་ཁར།།
iiif viewer powered by OpenSeadragon
337a - 338a