| | e-texts navigator
|
300b1 བརྩོན་འགྲུས་མཆོག་འཚལ་བས། ། ཇི་ལྟ་བུར་ན་མཉེས་པར་བགྱི།། ཇི་ལྟར་ཡང་ནི་དྲང་བར་འགྱུར།། བདག་ཅག་ཐེ་ཙོམ་ཆེན་པོ་མཆིས།། ཁྲོ་བོས་ལྷ་རྣམས་ཚིག་གསན་ནས།།
300b2 གཤིན་རྗེ་གཤེད་ཀྱིས་བཀའ་སྩལ་པ།། ལྷ་རྣམས་ཐམས་ཅད་ཁྱེད་ཉོན་ཅིག། ང་ནི་དུས་གསུམ་སྔོན་དུ་འབྱུང་།། སངས་རྒྱས་ཀུན་གྱི་སྔོན་དུ་བྱུང་།། ང་ནི་དུས་གསུམ་ཕྱིས་ཀྱང
300b3 འབྱུང་། ། ང་ནི་དུས་གསུམ་ད་ལྟར་འབྱུང་།། ང་ནི་ལྔ་བརྒྱ་མཐའ་མའི་ཚེ།། ང་ཡི་བསྟན་པ་འབྱུང་བར་བྱེད།། བསྟན་པ་ཐམས་ཅད་ནུབ་པའི་ཚེ།། ང་ཡི་བསྟན་པ་འབྱུང་བར་བྱེད།།
300b4 ལས་ངན་མཚམས་མེད་བྱེད་པའི་ཚེ།། དེ་ཚོ་ང་ཡི་བསྟན་པ་འབྱུང་།། ཟས་ངན་ལྕི་བ་ཟ་བའི་ཚེ།། དེ་ཚེ་ང་ཡི་བསྟན་པ་འབྱུང་།། གོས་ངན་དུག་ཐུལ་གྱོན་པའི་ཚེ།། དྲི་ཚེ་ང་ཡི་བསྟན
300b5 པ་འབྱུང་། ། ང་ནི་དུས་གསུམ་འབྱུང་བའི་སྐུ།། བསྟན་པ་ཐམས་ཅད་ནུབ་པའི་ཚེ།། དེ་ཚེ་ང་ཡི་བསྟན་པ་འབྱུང་།། ཇི་ལྟ་བུར་ནི་ཞིར་འགྱུར་ཡང་།། ང་ནི་ཐམས་ཅད་ཞི་བའི་སྐུ།། ཇི
300b6 ལྟ་བུར་ནི་ཁྲོས་འགྱུར་ཡང་། ། ཐམས་ཅད་ཁྲོས་པ་ང་ཡི་སྐུ།། གཟི་བརྗིད་ཆེན་པོ་ཁྱེད་རྣམས་ཀུན།། གང་ཚེ་གསུམ་ལ་སྐྱབས་སོང་བ།། དེ་ཚེ་ང་ཡི་མི་བཟད་པ།། ཁྲོ་བོའི་ཡིད་ལ་གནས
300b7 པར་གྱིས། ། དཀོན་མཆོག་གསུམ་ནི་གནས་པ་དང་།། དེ་ཡི་བཀའ་ཡང་བསྐྱང་བ་དང་།། སེམས་ཅན་ཀུན་ལ་སྙིང་བརྩེའི་ཕྱིར།། ང་ཡི་ཡིད་ནི་ཞི་འགྱུར་གྱིས།། ཁྱེད་རྣམས་སྐྱབས་སུ
iiif viewer powered by OpenSeadragon
300a - 301a