e-texts navigator
Collection
Volume
Page
Wylie

298a1 དུཿལེན་མུ་ལ་ནི། དེ་བ་མ་ནུ་ཥྱ་ཀ་ཏི་ས་པ་ཧ་ན་བི་ག་ཏོ་པཱ་ཀླེ་ཤེ། སརྦ་བུདྡྷ་དྷརྨཱ་པ་རི་བྷུ་ར་ཎི་སྭཱཧཱ། བཅོམ་ལྡན་འདས་ཀྱི་སྙིང་ཆེན་པོའི་མཆོག་ཅེས་བྱ་བའི་གཟུངས།
298a2 བཅོམ་ལྡན་འདས་ཀྱི་གཙུག་ཏོར་ནས་བྱུང་བ་འདི་ནི་གཟུངས་ཟངས་མེད་པ་ཕྲག་སྟོང་གི་འཁོར་དང་ལྡན་པའོ།། སྡིག་པ་དང་། ལས་དང་། ཉོན་མོངས་པ་ཐམས་ཅད་འཇོམས་པའོ།། བཀྲ་མི
298a3 ཤིས་པ་དང་། རྨི་ལམ་ངན་པ་དང་། ལྷས་དྲན་པ་དུང་དུས་མ་ཡིན་པར་འཆི་བ་ཐམས་ཅད་ཞི་བར་བྱེད་དུའོ།། ཚེ་དང་། བསོད་ནམས་དང་། གཟུགས་དང་། སྟོབས་དང
298a4 བདེ་བ་དང་། སྤོབས་པ་དང་། ནད་མེད་པ་བྱེད་པའོ།། འབྱུང་པོ་དང་། བརྗེད་བྱེད་དང་། གནོད་སྦྱིན་དང་། སྲིན་པོ་དང་། ནམ་མཁའ་ལྡིང་དང་། ལྷ་མ་ཡིན་དང་། མི་འམ
298a5 ཅིའི་གདོན་ཐམས་ཅད་ངེས་པར་འཇོམས་པའོ། ། གཟུངས་འདིའི་མིང་བཟུང་བ་དང་། ཐོས་པ་དང་། བརྗོད་པ་ཙམ་གྱིས་ཀྱང་ཚེ་རབས་བྱེ་བ་ཕྲག་འབུམ་གྱི་བར་དུ་བསགས་པའི་ལས་ཀྱི་སྒྲིབ
298a6 པའང་འབྱང་བར་འགྱུར་རོ། ། ཉོན་མོངས་པ་ཐམས་ཅད་བསྲབས་པར་འགྱུར་རོ།། དེའི་དྲན་སོང་གི་འགྲོ་བ་ཐམས་ཅད་ཀྱང་རྒྱུན་ཆད་པར་འགྱུར་རོ།། སངས་རྒྱས་དང་བྱང་ཆུབ་སེམས
298a7 དཔའ་ཐམས་ཅད་ཀྱིས་ཀྱང་ཡོངས་སུ་བཟུང་བར་འགྱུར་རོ། ། བྱང་ཆུབ་སེམས་དཔའི་དགེ་བ་དང་ཡང་ལྡན་པར་འགྱུར་རོ།། ཡོངས་སུ་མི་ཉམས་པའི་ཆོས་ཅན་དུའང་འགྱུར་རོ།།




iiif viewer powered by OpenSeadragon

297b - 298b

Texts on this page

S560 - snying rje'i mchog ces bya ba'i gzungs