| | e-texts navigator
|
520a1 དང་། ཀེ་ཀེ་རུ་ཆེན་པོ་དང་། ཨན་ད་རྙིལ་དང་། ཨན་དཱ་རྙིལ་ཆེན་པོ་དང་། མདུན་ལས་ཀྱི་འོད་ཟེར་ཆེན་པོ་འཚེར་བས་སྣང་བར་བྱས་ཏེ་ཀུ་ནས་མཛེས་པ། གདུགས
520a2 རྩ་བ་དང་བཅས་པ། རྡོ་རྗེ་རིན་པོ་ཆེའི་ཤར་བུ་དུ་མས་རྣམ་པར་བརྒྱན་པ། བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མས་རྣམ་པར་བརྒྱན་པ། བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མས་ཀུན་ནས་བསྐྱབས་པ། དཔག
520a3 བསམ་གྱི་ཤིང་དུ་མས་བརྒྱན་པར་མཛེས་པར་བྱས་པ། རྡོ་རྗེ་རིན་པོ་ཆེའི་ཁྲི་རི་རབ་ཙམ་ལ་བཞུགས་ཏེ། གསེར་གྱི་རི་བོའི་རྒྱལ་པོ་ལྟར་དཔལ་ནི་རབ་ཏུ་འབར། ས་ཕྱོགས་ནི་ཉི་མ་སྟོང་པས་ལྷག
520a4 པའི་འོད་ཀྱི་དཀྱིལ་འཁོར་གྱིས་རྣམ་པར་བརྒྱན། ཟླ་བ་ཉ་བ་ལྟར་འཇིག་རྟེན་ཐམས་ཅད་ལ་སྡུག་པ་ནི་སྣང་། དཔག་བསམ་གྱི་ཤིང་ལྗོན་པ་ཆེན་པོ་ལྟར་སངས་རྒྱས་ཀྱི་ཆོས་རྣམས་ནི་ཤིན་ཏུ་རྒྱས་ཤིང
520a5 ཆོས་སྟོན་ཏེ། ཚངས་པར་སྤྱོད་པ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ
520a6 དག་པ། ཡོངས་སུ་བྱང་བ་ཡང་དག་པར་རབ་ཏུ་སྟོན་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱི་སྨིན་མཚམས་ཀྱི་མཛོད་སྤུ་ནས། འོད་ཟེར་གྱི་དྲ་བ་སངས་རྒྱས་ཐམས་ཅད་ཀྱི་ཞིང་ཀུན་ཏུ་སྟོན་པ་ཞེས་བྱ་བ་བཀྱེ
520a7 སྟེ། འོད་ཟེར་གྱི་དྲ་བ་ངེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྣང་བས་ཁྱབ་པར་བྱས་པར་གྱུར་ཏོ།། སངས་རྒྱས་ཀྱི་ཞིང་གང་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་ངག་སེང་གེའི་ཁྲི
iiif viewer powered by OpenSeadragon
519b - 520b