e-texts navigator
Collection
Volume
Page
Wylie

512a1 སྐྱེས་པོས་ཀྱང་སྨྲས་ཤིང་རྗེས་སུ་ཡི་རང་བའོ། ། ཀླུའི་རྒྱལ་པོ་མྲིག་མི་བཟང་གིས་ཀྱང་སྨྲས་ཤིང་རྗེས་སུ་ཡི་རང་བའོ།། གནོད་སྦྱིན་གྱི་རྒྱལ་པོ་རྣམ་ཐོས་ཀྱི་བུས་ཀྱང་སྨྲས
512a2 ཤིང་རྗེས་སུ་ཡི་རང་བའོ། ། དྲི་བའི་སྡེ་དཔོན་ཉི་ཤུ་རྩ་བརྒྱད་དག་དང་། རྡུལ་བུམ་གྱི་སྡེ་དཔོན་ཉི་ཤུ་རྩ་བརྒྱད་དག་དང་། ཀླུའི་སྡེ་དཔོན་ཉི་ཤུ་རྩ་བརྒྱད་དག་དང་། གནོད་སྦྱིན་གྱི་སྡེ་དཔོན་ཉི
512a3 རྩ་བརྒྱད་དག་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལྔས་རྩེན་དང་། འཕྲོག་མ་བུ་ལྔ་བརྒྱའི་འཁོར་ཅན་གྱིས་ཀྱང་སྨྲས་ཤིང་རྗེས་སུ་ཡི་རང་བའོ།། ཀུན་དགའ་བོ་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མེ
512a4 འདི་ནི་ལྷའི་གདོན་དང་། ཀླུའི་གདོན་དང་། རླུང་ལྷའི་གདོན་དང་། ལྷ་མ་ཡིན་གྱི་གདོན་དང་། ནམ་མཁའ་ལྡིང་གི་གདོན་དང་། དྲི་ཟའི་གདོན་དང་། མི་འམ་ཅིའི་གདོན་དང་།
512a5 འཕྱེ་ཆེན་པོའི་གདོན་དང་། གནོད་སྦྱིན་གྱི་གདོན་དང་། སྲིན་པོའི་གདོན་དང་། ཡི་དགས་ཀྱི་གདོན་དང་། ཤ་ཟའི་གདོན་དང་། འབྱུང་པོའི་གདོན་དང་། གྲུལ་བུམ་གྱི་གདོན་དང་།
512a6 སྲུལ་པོའི་གདོན་དང་། ལུས་སྲུལ་པོའི་གདོན་དང་། སྐེམ་བྱེད་ཀྱི་གདོན་དང་། སྨྱོ་བྱེད་ཀྱི་གདོན་དང་། གྲིབ་གནོན་གྱི་གདོན་དང་། བརྗེད་བྱེད་ཀྱི་གདོན་དང་། གནོན་པོའི་གདོན་གྱིས
512a7 འགལ་བར་བྱ་བ་མ་ཡིན་ནོ། ། གདོན་ཐམས་ཅད་ཀྱིས་འགལ་བར་བྱ་བ་མ་ཡིན་པའོ།། ཟས་སུ་མདངས་ཟ་བ་རྣམས་དང་། ཟས་སུ་གཟི་བྱིན་འཕྲོག་པ་རྣམས་དང་། ཟས་སུ་མངལ་ཟ་བ




iiif viewer powered by OpenSeadragon

511b - 512b

Texts on this page

S518 - rig sngags kyi rgyal mo rma bya chen mo