| | e-texts navigator
|
510a1 དང་དྲི་ཟ་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། གནོད་སྦྱིན་རྣམས་དང་། སྲིན་པོ་རྣམས་དང་། མི་དང་། མི་མ་ཡིན་པ
510a2 དང་དུད་འགྲོའི་སྐྱེ་གནས་པ་དང་། མཐོ་རིས་དང་། སེམས་ཅན་དམྱལ་བ་རྣམས་ཀྱི་དགེ་བ་དང་། མི་དགེ་བ་ལ་སོགས་པའི་དགེ་བའི་ཁྱད་པར་གྲངས་མེད་པ་དག་གིས་འཇིག་རྟེན་གསུམ
510a3 དུ་རྣམ་པར་གཞག་པ་རྣམས་ཀྱི་མིང་ཟུང་ཞིག། འདི་ལྟ་སྟེ། སྐྱེ་དགུའི་བདག་པོ་ཚངས་པ་དང་། སྐྱེ་དགུའི་བདག་པོ་བུ་ཅན་དང་། སྐྱེ་དགུའི་བདག་པོ་ཟ་ཚུལ་གྱི་བུ་དང་། སྐྱེ་དགུའི་བདག་པོ
510a4 མེ་དང་། སྐྱེ་དགུའི་བདག་པོ་གསོ་བ་དང་། སྐྱེ་དགུའི་བདག་པོ་མདུན་དུ་བདར་དང་། སྐྱེ་དགུའི་བདག་པོ་སྤུ་ཟིང་སེལ་དང་། སྐྱེ་དགུའི་བདག་པོ་མེ་དང་། སྐྱེ་དགུའི་བདག་པོ་གོ་བྱེད
510a5 དང་སྐྱེ་དགུའི་བདག་པོ་མཛེས་གནས་དང་། སྐྱེ་དགུའི་བདག་པོ་ཟིན་པོ་དང་། སྐྱེ་དགུའི་བདག་པོ་ལུས་མཛེས་དང་། སྐྱེ་དགུའི་བདག་པོ་རབ་དགའ་དང་། སྐྱེ་དགུའི་བདག་པོ་མཁས་པ
510a6 དང་སྐྱེ་དགུའི་བདག་པོ་གུས་ཡོད་དང་། སྐྱེ་དགུའི་བདག་པོ་ཀུན་འགེང་གཞོན་ནུ་སྟེ། ཀུན་དགའ་བོ་སྐྱེ་དགུའི་བདག་པོ་བདག་ཉིད་ཆེན་པོ་འདི་དག་ནི་གནས་པ་དང་། འགྲོ་བའི་འབྱུང་པོའི་ཚོགས
510a7 སྲུང་བའི་ཕྱིར་གནས་པ་དག་གོ། དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་དགེ་སློང་ས་རི་དང་། བདག་དང་། སེམས་ཅན་ཐམས་ཅད་ལ་སྲུང་བ་གྱིས་ཤིག། ལོ་བརྒྱ་འཚོ
iiif viewer powered by OpenSeadragon
509b - 510b