e-texts navigator
Collection
Volume
Page
Wylie

330b1 སྒྲུ་ལ་ཀྱིགས་ས་བྱ་པ་#། །
330b2 ས་མུ་ཏེ་སྭཱཿ། སྨན་གཏོང་བའི་ཚེ་ལྡན་ལ་སྔགས་ཀྱིས་བཏབ་པ་རྫོགས་སོ།། @རྒྱ་གར་སྐད་དུ། ཏྲི་ས་མ་ཡ་བྷུ་ཧ་རཱ་ཛན་མ་ཏནྟ། བོང་ས
330b3 དུ་དམ་ཚིག་གསུམ་བཀོད་པའི་རྒྱལ་པོ་ཞེས་བྱ་བའི་རྒྱུད། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། འཕགས
330b4 པའི་དགེ་འདུན་ཐམས་ཅད་ལ་ཕྱག་འཚལ་ལ། ། དབུས་དང་མཐའ་མེད་ཡོད་ཏན་རི་བོ་དཔག་མེད་དང་།། མཆོད་རྟེན་མཐའ་མེད་མཆོད་པ་ཆེན་པོའི་མཆོག་ཏུ་འཁྲུངས།། མཆོད་ཆེན
330b5 འཕགས་པའི་འཕགས་པ་ཆེན་པོའི་བདག། དུས་གསུམ་འཁྲུངས་པའི་བདེ་གཤེགས་ཚོགས་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པའི་ཆས
330b6 ཀྱི་དབྱིངས་ཀྱི་བོ་ཟང་རྡོ་རྗེ་ཆེན་པོའི་སྙིང་པོ་ཅན། རྡོ་རྗེ་འཆང་ཆེན་པོ་ངེས་པར་འདུ་བ།། དེ་བཞིན་གཤེགས་པ་ལྷག་པར་དགྱེས་པས་རྣམ་པར་རོལ་པ། དབུས་དང་མཐའ་མེད་པའི་རྡོ་རྗེ་ཆེན་པོ
330b7 རྩེ་མོ་མཐོན་པོ་ཅན། རིན་པོ་ཆེའི་རྒྱལ་པོ་རྣམ་པ་སྣ་ཚོགས་ཀྱི་རྒྱུ་ལས་གྱུར་པ། རིན་པོ་ཆེའི་རྒྱལ་པོའི་ཕོ་ཟང་ཆེན་པོའི་མཆོག་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཚ




iiif viewer powered by OpenSeadragon

330a - 331a

Texts on this page

S466 - sman gtong ba'i tshe sman la sngags kyis btab pa
S467 - dam tshig gsum bkod pa'i rgyal po zhes bya ba'i rgyud