e-texts navigator
Collection
Volume
Page
Wylie

324a1 གྲོལ་གྱིས་སྨྲས་པ། བཙུན་པ་ཀུན་དགའ་བོ་གང་དག་ནད་ཆེན་པོ་ལས་ཡོངས་སུ་ཐར་པར་འདོད་པ་དེ་དག་གིས་ནད་པ་དེའི་དོན་དུ། ཉིན་ལན་གསུམ་མཚན་ལན་གསུམ་དུ
324a2 བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་དེའི་མཚན་ཡིད་ལ་བྱའོ། ། མདོ་འདི་ལན་བཞི་བཅུ་རྩ་དགུ་གདོན་པར་བྱའོ།། ཞག་བཞི་བཅུ་རྩ་དགུར་མར་མེ་བུད་པར
324a3 བྱའོ། ། སྐུ་གཟུགས་བདུན་བྱའོ།། སྐུ་གཟུགས་རེ་རེའི་སྤྱན་སྔར་ཡང་མར་མེ་བདུན་བདུན་གཞག་གོ། མར་མེ་རེ་རེའི་ཚད་ཀྱང་ཤིང་རྟའི་འཕང་ལོ་ཙམ་དུ་བྱས་ཏེ། ཅི་ནས་ཀྱང་ཞག་བཞི
324a4 བཅུ་རྩ་དགུར་མར་མེ་མི་ཟད་པར་བྱའོ། ། ཚོན་སྣ་ལྔ་པའི་བ་དན་བཞི་བཅུ་རྩ་དགུ་ལས་ལྷག་པར་བྱའོ།། བཙུན་པ་ཀུན་དགའ་བོ་གཞན་ཡང་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ
324a5 རྣམས་ལ་ནད་ཀྱི་གནོད་པ་འམ། རང་གི་དམག་ཚོགས་སམ། ཕ་རོལ་གྱི་དམག་ཚོགས་ཀྱི་གནོད་པ་འམ། རྒྱུ་སྐར་གྱི་གནོད་པ་འམ། གཟའ་ཟླ་བའི་གནོད་པ་འམ། གཟའ་ཉི་མའི
324a6 གནོད་པ་འམ། དུས་མ་ཡིན་པའི་རླུང་དང་ཆར་གྱི་གནོད་པ་འམ། ཐན་པའི་གནོད་པའང་རུང་སྟེ། གནོད་པ་དང་། ནད་འགོ་བ་དང་། འཁྲུག་པ་ཞིག་ཉེ་བར་གནས་པར་གྱུར་ན།
324a7 རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དེས་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་སུ་བྱ། བཙོན་དུ་བཟུང་བ་རྣམས་གཏང་བར་བྱ་ཞིང་། གོང་དུ་སྨོས་པ་བཞིན་དུ་བཅོམ་ལྡན




iiif viewer powered by OpenSeadragon

323b - 324b

Texts on this page

S464 - 'phags pa bcom ldan 'das sman gyi bla bai DUrya'i 'od kyi sngon gyi smon lam gyi khyad par rgyas pa zhes bya ba theg pa chen po'i mdo