e-texts navigator
Collection
Volume
Page
Wylie

238b1 པའང་དེ་ཉིད་ལ་ཉིན་གཅིག་བཞིན་མངོན་དུ་འགྱུར། འཆི་བའི་དུས་ཀྱི་ཚེའང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོངས་སུ་ཟིན་པར་འགྱུར། ཤི་ནས་ཀྱང་བདེ་བ་ཅན་དུ་འགྲོ་བར
238b2 འགྱུར་ན། གང་འཛིན་པ་དང་། ཀློག་པ་དང་། ཡིད་ལ་བྱེད་པ་དང་། མི་གཏོང་བར་འཛིན་པ་ལྟ་ཅི་སྨོས་ཏེ། དེའི་སྒྲིབ་པ་ཐམས་ཅད་བྱང་བར་འགྱུར་རོ།། དེ་ནས་ངན་སོང་གི་སྒོ་རྣམས
238b3 བཅད་པར་འགྱུར་རོ། ། དེ་ངན་སོང་དང་ངན་འགྲོ་རྣམས་རྒྱང་བསྲིངས་པར་འགྱུར་རོ།། གང་ཞིག་ནབ་པར་ལངས་ནས་སུ།། ལན་ཅིག་ཀློག་པར་བྱེད་པའི་མི།། སྲིད་པ་ཉམ་ངང་གང་བྱས
238b4 པ། སྡིག་པ་ཀུན་ལས་གྲོལ་བར་འགྱུར།། སྲིན་པོ་ལ་སོགས་ཆོམ་རྐུན་དང་། མཚོན་དང་དགྲ་ཡིས་མི་ཚུགས་ཤིང་།། དུས་མིན་འཆི་ལས་རབ་ཏུ་ཐར།། རྟག་ཏུ་དཔལ་དང་ལྡན་པར
238b5 འགྱུར། ། འཆི་བའི་དུས་ཀྱི་ཚེ་ན་ཡང་།། ངན་འགྲོ་རྣམས་ལས་བསྲིངས་འགྱུར་ཏེ།། སངས་རྒྱས་རྣམས་ཀྱིས་ཡོངས་གཟུང་ནས།། བདེ་བ་ཅར་དུ་སྐྱེ་བར་འགྱུར།། དེ་སྐད་ཅེས
238b6 བཀའ་སྩལ་ནས། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ་མངོན་པར་བསྟོད་དོ།། འཕགས་པ་ལྷ་མོ་བརྒྱད་ཀྱི་གཟུངས་རྫོགས་སོ།།
238b7 ། རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙ་བ་བན་དྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།




iiif viewer powered by OpenSeadragon

238a - 239a

Texts on this page

S457 - 'phags pa lha mo brgyad kyi gzungs