| | e-texts navigator
|
235b1 པྲི་ཡང་ཀུའི་མེ་ཏོག་ཁ་མ་བྱེ་བ་ཁྲི་སྦྱིན་སྲེག་བྱས་ན་ཉིན་གཅིག་བཞིན་དུ་ཀར་ཤ་པ་ཎ་ལྔ་ལྔ་རྙེད་པར་འགྱུར་རོ།། ཅི་སྟེ་ཐམས་ཅད་གཉིད་ཀྱིས་ལོག་པར་བྱེད་འདོད་ན་གྲོང་ཁྱེར་གྱི་བདག་པོའི་ལྷའི
235b2 གཟུགས་རི་མོར་བྲིས་ལ་སྐེ་ཚེའི་སྦྱིན་སྲེག་བྱས་ཏེ། དེའི་ཐལ་བ་ཐོགས་ལ་གྲོང་ཁྱེར་དུ་སོང་སྟེ་གཏོང་ན་དེ་དག་ཐམས་ཅད་གཉིད་ཀྱིས་ལོག་ཅིང་འདུག་པར་འགྱུར་ཏེ་ཅི་འདོད་པ་བྱེད་དོ།།
235b3 གྲོང་ཁྱེར་ལ་ཇི་ལྟ་བ་བཞིན་དུ་སྦྲུལ་ལའང་དེ་བཞིན་དུ་བྱའོ།། མཚེའུ་སྐམ་པར་འདོད་ན་སྲེག་ཐུགས་རང་གི་ཁྲག་དང་སྦགས་ལ་ཁྲི་སྦྱིན་སྲེག་བྱས་ལ། དེའི་ཐལ་བ་བླངས་ཏེ་མཚེའུ་དེར་གཏོ
235b4 ན་མཚེའུ་སྐམ་པར་འགྱུར་ཏེ། དེ་ན་གནས་པའི་ཀླུ་རྣམས་ཅི་འདོད་པ་བཞིན་དུ་རིན་པོ་ཆེ་རྣམས་འབུལ་ལོ།། ཨ་བ་མརྒའི་ཡམ་སྲེག་ཤིང་འབུམ་སྦྱིན་སྲེག་བྱས་ན་ལྷ་མོ་དཔལ་མཐོང་བར
235b5 འགྱུར་ཏེ། ས་ཙ་རཱ་ཛྱ་མ་པྲ་ཡང་ཚ་ཏི། བིལ་བའི་འབྲས་བུ་སྟོང་སྦྱིན་སྲེག་བྱས་ན་རྒྱལ་པོ་ཆེན་པོའི་མདུན་ན་འདོན་དུ་འགྱུར་རོ།། མྱ་ངན་འཚང་གི་ཡམ་སྲེག་ཤིང་འབུམ་སྦྱིན་སྲེག་བྱས
235b6 ནརྐང་པ་བཞི་པ་ཐམས་ཅད་དབང་དུ་འགྱུར་རོ། ། སྣ་མའི་མེ་ཏོག་འབུམ་སྦྱིན་སྲེག་བྱས་ན་རྒྱལ་པོའི་ཕོ་བྲང་འཁོར་དུ་ཚིག་གཟུང་བར་འོས་པར་འགྱུར་རོ།། སྣ་མའི་མེ་ཏོག་འབུམ་སྦྱིན
235b7 སྲེག་བྱས་ན་བུད་མེད་ཐམས་ཅད་དབང་དུ་བྱས་པར་འགྱུར་རོ། ། སྐེ་ཚེའི་སྡོང་བུའི་ཡམ་སྲེག་ཤིང་སྦྲང་རྩི་ལ་བསྩགས་པ་བརྒྱ་སྦྱིན་སྲེག་བྱས་ན་གདོན་ཐམས་ཅད་དེ་ལའི་བར་བྱེད་པར་འགྱུར
iiif viewer powered by OpenSeadragon
235a - 236a