e-texts navigator
Collection
Volume
Page
Wylie

234b1 ཀའི་མེ་ཏོག་འབུམ་ཕུལ་ན་དི་ནར་སྟོང་རྙེད་པར་འགྱུར་རོ། ། ལག་ན་རྡོ་རྗེའི་གཟུགས་ཀྱི་ལག་པ་ལ་བཟུང་སྟེ་ཟླ་བ་གཅིག་བཟླས་བརྗོད་བྱས་ན་ཉིན་གཅིག་བཞིན་དི་ན་ར་རེ་རེ་སྦྱིན་པར་བྱེད
234b2 དོ། ། ལག་ན་རྡོ་རྗེའི་གཟུགས་པདྨའི་འདབ་མའི་སྟེང་དུ་བཞག་སྟེ། སྣ་མའི་མེ་ཏོག་ཁ་མ་བྱེ་བ་ཁྲི་ཕུལ་ན་ཉིན་གཅིག་བཞིན་ཀར་ཤ་པ་ཎ་རེ་རེ་སྦྱིན་པར་བྱེད་དོ།། ཟླ་བ་གཅིག་ཏུ་ནམ
234b3 ཕྱེད་ན་ལངས་ཏེ་ཉིན་གཅིག་བཞིན་གིའུ་ཝང་གིས་དཀྱིལ་འཁོར་བྱས་ལ། བཅོམ་ལྡན་འདས་མ་བཟླས་བརྗོད་བྱས་ན་ལས་ཐམས་ཅད་ནུས་པར་རོ།། བགེགས་རྣམས་ཀྱིས་མི་འཚེ
234b4 བར་འགྱུར་རོ། ། ཟླ་བ་གཅིག་ཏུ་ཙན་དན་དམར་པོས་དཀྱིལ་འཁོར་བསྐུས་ལ་བཅོམ་ལྡན་འདས་མ་བཟླས་བརྗོད་བྱས་ན་ཤ་ཟ་ཐམས་ཅད་དབང་དུ་འགྱུར་ཏེ་ཅི་འདོད་པ་བྱེད་དོ།། རང་གི
234b5 ཁྲག་གིས་དཀྱིལ་འཁོར་བསྐུས་ཏེ་ཟླ་བ་གཅིག་བཟླས་བརྗོད་བྱས་ན་མཁའ་འགྲོ་མ་ཐམས་ཅད་དབང་དུ་འགྱུར་ཏེ་ཅི་འདོད་པ་བྱེད་དོ། ། ཤུ་དག་དཀར་པོ་འབུམ་སྦྱིན་སྲེག་བྱས་ན་མ་མོ་ཐམས
234b6 ཅད་འགྲུབ་པར་འགྱུར་ཏེ། དེ་དག་ཅི་འདོད་པ་དེ་ཐམས་ཅད་སྒྲུབ་བོ།། འབྲས་ཀྱི་འབྲུ་སྟོང་སྦྱིན་སྲེག་བྱས་ན་ཉིན་གཅིག་བཞིན་སྣོད་གང་བ་རྙེད་པར་འགྱུར་རོ།། སྒེའུ་གཤེར་གྱི་རྩ་བ་སྦྱིན
234b7 སྲེག་བྱས་ན་ཉིན་གཅིག་བཞིན་ཀར་ཤ་པ་ཎ་བཞི་བཞི་རྙེད་པར་འགྱུར་རོ། ། ཨ་པ་མརྒའི་སྙིང་པོ་ཁྲི་སྦྱིན་སྲེག་བྱས་ན་ལོངས་སྤྱོད་ཟད་མི་ཤེས་པ་འབྱུང་བར་འགྱུར་རོ།། ན་ལེ་ཤམ་གྱི་འབྲུ




iiif viewer powered by OpenSeadragon

234a - 235a

Texts on this page

S456 - 'phags pa lag na rdo rje dbang bskur ba'i rgyud chen po