e-texts navigator
Collection
Volume
Page
Wylie

34b1 ཡས་པ་ཉིད་དོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པ་ཉིད་པས་རྡོ་རྗེ་ཐམས་ཅད་མུ་མེད་པ་ཉིད་དོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དུ་མ་ཉིད་པས་ཆོས་ཐམས་ཅད་དུ་མ་ཉིད་དོ།། ཤེས་རབ་ཀྱི་ཕ་རོལ་ཏུ
34b2 ཕྱིན་པ་མཐར་ཐུག་པ་མེད་པ་ཉིད་པས་ལས་ཐམས་ཅད་མཐར་ཐུག་པ་མེད་པ་ཉིད་ཡིན་ནོ། ། གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་ཉན་པ་དང་། འཆང་བ་དང་། ཀློག་པ་དང་། སྟོན
34b3 པ་དང་། རྗོད་པ་དང་། སྒོམ་པ་དེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་མཐར་ཐུག་པ་མེད་པའི་མཐར་ཕྱིན་ཏེ་སྒྲིབ་པ་ཐམས་ཅད་ཟད་ནས། དེ་བཞིན་གཤེགས་པ་འམ་རྡོ་རྗེ་འཛིན་པར་མྱུར་དུ
34b4 འགྱུར་རོ། ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་འདུས་ཏེ། ཆོས་ཀྱི་རྣམ་གྲངས་འདི་དོན་ཡོད་པ་དང་། ཐོགས་པ་མེད་པར་མྱུར་དུ་གྲུབ་པར་བྱ་བའི་ཕྱིར་ལག་ན་རྡོ་རྗེ་ལ་ལེགས་སོ་ཞེས་བྱ་བ་བྱིན
34b5 ནོ། ། སེམས་ཅན་ཆེན་པོ་ལེགས་སོ་ལེགས།། བདེ་བ་ཆེན་པོ་ལེགས་སོ་ལེགས།། ཐེག་པ་ཆེན་པོ་ལེགས་སོ་ལེགས།། བློ་གྲོས་ཆེན་པོ་ལེགས་སོ་ལེགས།། ཆོ་ག་འདི་ནི་ལེགས་པར་སྨྲས།། སངས
34b6 རྒྱས་རྡོ་རྗེ་འཛིན་ཀུན་གྱིས། ། འབྲས་བུ་ཡོད་པ་འདུལ་བའི་མཆོག། རྡོ་རྗེའི་མདོ་འདིའི་བྱིན་གྱི་རླབས།། ཆོ་གའི་རྒྱལ་པོ་བླ་ན་མེད།། གང་རྣམས་འདི་དག་འཛིན་པ་ནི།། བདུད་ལ་སོགས་པ་ཐམས
34b7 ཅད་ཀྱིས། ། དེ་དག་མི་སོང་མི་ཚུགས་སོ།། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་།། དངོས་གྲུབ་དམ་པ་ཐམས་ཅད་ཀྱང་།། སངས་རྒྱས་ཀུན་གྱིས་གསུངས་པ་བཞིན།། རིང་པོར་མི་ཐོགས




iiif viewer powered by OpenSeadragon

34a - 35a

Texts on this page

S446 - dpal mchog dang po zhes bya ba theg pa chen po'i rtog pa'i rgyal po