| | e-texts navigator
|
33a1 གོ་ཆ་ཡ་ལད་བགོས་པར་དང་།། དེ་བཞིན་ཐོད་པ་མཚན་མ་འཛིན།། ལྷ་ཡི་གོས་དང་འཕྲེང་བ་འཆང་།། ཅུང་ཟད་དགོད་ཅིང་ཁྲོ་བ་དང་།། སེང་གེའི་ཁྲི་ལ་འདུག་པ་དང་།། འོད
33a2 ཀྱི་དཀྱིལ་འཁོར་གྱིས་མཛེས་པའོ། ། དངོས་གྲུབ་ཀུན་སྟེར་དག་པ་སྟེ།། གསུམ་ནི་སྲིད་གསུམ་དག་དང་མཚུངས།། སྒོ་དང་མཚམས་ནི་ཐམས་ཅད་དུ།། ཚོགས་ལ་སོགས་པ་ལེགས་པར་གཞག།
33a3 གྲུབ་དང་འཕེལ་ཆེན་གནོད་སྦྱིན་དང་།། གཏུམ་དང་ཁྲོ་མཆོག་གསོད་པའོ།། ཕྱི་རོལ་བ་དན་རྩེ་མོ་ལ།། དྲིལ་བུའི་འཕྲེང་བཅས་ཐམས་ཅད་དུ།། བུམ་པ་གང་བ་རོལ་མཆོག་བཅས།། འབྱུང་པོ་མ
33a4 ལུས་གཏོར་མར་བཅས། ། ཀླུ་རྣམས་གླུ་རུ་ལེན་པ་དང་།། རོལ་མོ་རྡུང་བར་བྱེད་པ་དང་།། དེ་བཞིན་སློབ་དཔོན་གར་བྱེད་པས།། ཕྱག་རྒྱ་ཀུན་གྱིས་འཇུག་པར་བྱ།། ཞུགས་ནས་སྤུན་ལ་དད་པ
33a5 ཡིས། ཡང་དང་ཡང་དུ་འདུད་བྱ་ཞིང་།། མེ་ཏོག་ཀུན་གྱིས་མཆོད་པ་ཡིས།། སྒྲུབ་དང་དེ་ཉིད་དག་ཀྱང་བརྗོད།། འཇིག་རྟེན་གསུམ་པོ་སྲིད་གསུམ་མཆོག། ངན་སོང་གསུམ་མཆོད་གསུམ་རྣམ་གསུམ
33a6 ལེགས་ལྡན་སྦས་པས་གྲུབ་པ་ནི། ། དངོས་གྲུབ་ཀུན་ལ་རྟག་ཏུའོ།། དེ་ནས་སྙིང་པོ་ལན་ཅིག་བརྗོད་ཅིང་ཕྱག་རྒྱ་ཐམས་ཅད་ཀྱི་གཡས་པའི་མཛུབ་མོ་ལྕགས་ཀྱུར་བྱས་ལ་དགུག་པར་བྱའོ།། དེ་ནས་དྲིལ
33a7 བུ་དང་བཅས་པའི་འཕྲེང་བ་རྣམས་གཡོའོ། ། ཐམས་ཅད་ཕབ་ནས་དེ་བཞིན་དུ་གཞུག་པར་བྱའོ།། དེ་ནས་དམ་ཚིག་འདི་བརྗོད་པར་བྱ་སྟེ། གལ་ཏེ་དམ་ཚིག་འདས་གྱུར་ན།། ཕ་གསོད་འགྲོ་བ་གང
iiif viewer powered by OpenSeadragon
32b - 33b