e-texts navigator
Collection
Volume
Page
Wylie

29a1 དཀྱིལ་འཁོར་བྲི་བར་བྱ། ། དེ་ཡི་ནང་རིམ་ཉིད་དུ་ནི།། དཀྱིལ་འཁོར་བཟང་པོ་གྲུ་བཞི་པ།། སྒོ་བཞི་པ་ལ་ཐིག་བཞིར་ལྡན།། ཚོན་སྣ་ལྔ་ཡིས་རྣམ་པར་བྲི།། ཀ་བ་བརྒྱད་ནི་མདུན
29a2 གནས་པར། ། འབར་བའི་དཀྱིལ་འཁོར་ཡང་དག་ལྡན།། དེ་ཡི་དབུས་སུ་ཅི་རིགས་པར།། རྡོ་རྗེ་གནོད་སྦྱིན་གཞག་བྱ་སྟེ།། རྡོ་རྗེ་མཆེ་བ་གཙགས་པ་དང་།། འབར་བའི་འཕྲེང་བ་འཁྲིགས་པའི
29a3 འོད། ། འཇིགས་བྱེད་ཁ་དོག་སྔོ་བ་དང་།། ཧ་ཧ་ཞེས་བཞད་གསལ་བའི་ཞལ།། དེ་ཡི་ཀུན་ཏུ་གནོད་སྦྱིན་ནི།། ཤིན་ཏུ་འཇིགས་པ་གཞག་པར་བྱ།། དེ་ཉིད་དང་པོ་ལ་སོགས་མཆོག། ཕྱག་ན་རྡོ་རྗེ
29a4 སོགས་མཚན་འཆང་། ། ཕྱི་ཡི་དཀྱིལ་འཁོར་མཚམས་སུ་ནི།། མཆེ་བའི་ཕྱག་རྒྱ་བྲི་བར་བྱ།། སྒོ་ཡི་གནས་ནི་ཐམས་ཅད་དུ།། རྡོ་རྗེའི་མཚན་མ་གཞག་པར་བྱ།། དེ་ནས་འཇུག་པ་ལ་སོགས
29a5 པ་བྱུང་སྟེ། རྡོ་རྗེ་མཆེ་བའི་ཕྱག་རྒྱ་དང་། ཧ་ཧ་ཞེས་བཞད་པ་དང་བཅས་པས་ཞུགས་ནས་གདུག་པ་ཐམས་ཅད་འདུལ་ནུས་ཤིང་མྱུར་དུ་རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འགྱུར་རོ།། དེ་ནས་ཞུགས
29a6 ནས་རྡོ་རྗེ་མཆེ་བ་བླང་ལ་རྡོ་རྗེ་མིང་གི་དབང་བསྐུར་ལ་རྡོ་རྗེས་རྡོ་རྗེ་གནོད་སྦྱིན་ཉིད་བསྣུན་ནོ། ། དེ་ནས་རྡོ་རྗེ་གནོད་སྦྱིན་གྱི་ཞལ་ནས་ཧ་ཧ་ཞེས་བྱ་བའི་སྒྲ་འབྱུང་བར་འགྱུར་རོ།། དེ་ནས་བཅོམ་ལྡན
29a7 འདས་དེ་བཞིན་གཤེགས་པ་ཐམས་ཅད་སྲུང་བ་པོ་གནོད་སྦྱིན་གྱི་བདག་པོ་ཕྱག་ན་རྡོ་རྗེ་གཏུམ་པོར་བདག་གྲུབ་པ་ཡིན་ནོ་ཞེས་ཤེས་པར་བྱའོ། ། དེ་ནས་ཕྱག་རྒྱ་ཐམས་ཅད་བཅིང་བར་བྱ་ཞིང་བསྒྲུབ




iiif viewer powered by OpenSeadragon

28b - 29b

Texts on this page

S446 - dpal mchog dang po zhes bya ba theg pa chen po'i rtog pa'i rgyal po