| | e-texts navigator
|
24b1 ལྡན་འདས་ཆོས་ཐམས་ཅད་སྤྲོས་པ་མེད་པའི་དེ་བཞིན་གཤེགས་པས་ཡང་འཁོར་ལོ་ལྟར་ཡི་གེ་བསྐོར་བ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དེ། ངོ་བོ་ཉིད་མེད་པའི་ཚུལ་གྱིས
24b2 ཆོས་ཐམས་ཅད་སྟོང་པའོ། ། མཚན་མ་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་མཚན་མ་མེད་པའོ།། སྨོན་པ་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་སྨོན་པ་མེད་པའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན
24b3 པ་ཡོངས་སུ་དག་པས་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བའོ། ། དེ་ནས་བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་དོན་འདི་རྒྱ་ཆེར་སྟོན་ཞིང་བཞིན་འཛུམ་བཞིན་དུ་རལ་གྲི་དེས་དེ་བཞིན
24b4 གཤེགས་པ་ཐམས་ཅད་ལ་འདེབས་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་མཆོག་འདི་གསུངས་སོ། ། ཨ་དེ་ནས་འདི་གསུངས་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་འདུས
24b5 པ་མཛད་ནས་དང་པོའི་དཀྱིལ་འཁོར་གྱི་ཚུལ་གྱིས་བཞུགས་སོ། ། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པས་སྤྲོས་པ་མེད་པའི་རལ་གྲི་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར
24b6 ཞུགས་ནས། འཁོར་ལོ་ལྷར་ཡི་གེ་བསྐོར་བ་ཞེས་བྱ་བའི་དཀྱིལ་འཁོར་འདི་གསུངས་སོ།། ཕྱིའི་དཀྱིལ་འཁོར་ཇི་ལྟ་བའི་ནང་དུ་འཁོར་ལོ་བྲིས་ལ། ཨ་ལ་སོགས་པའི་ཡི་གེའི་འཕྲེང་བ་གོ་རིམ་བཞིན
24b7 དུ་བྲི་བར་བྱའོ། ། དེ་ནས་དཀྱིལ་འཁོར་བརྒྱད་པའི་ཚུལ་གྱིས་ཐིག་བཏབ་ལ། དེའི་ལྟེ་བ་ལ་བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུའི་ཆ་ལུགས་འཆང་ཞིང་འཛུམ་པ་དང་བཅས་པ་ནམ་མཁའི་མདོག
iiif viewer powered by OpenSeadragon
24a - 25a