| | e-texts navigator
|
22a1 ཕྱག་རྒྱ་ཡོངས་སུ་འཛིན་པ་ནི་ལུས་དང་། ངག་དང་། སེམས་ཐམས་ཅད་རྡོ་རྗེར་རྡོ་རྗེའི་དངོས་གྲུབ་དམ་པ་ཐོབ་པར་འགྱུར་རོ།། སུ་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བའི་ཚུལ
22a2 འདི་ཉན་པ་དང་། འཆང་བ་དང་། ཀློག་པ་དང་། ལུང་འབོག་པ་དང་། སྒོམ་པ་དེས་དངོས་གྲུབ་ཐམས་ཅད་དང་། ཕུན་སུམ་ཚོགས་པ་ཐམས་ཅད་དང་། ཤེས་པ་ཐམས་ཅད་དང་། དགོས་པ
22a3 ཐམས་ཅད་དང་། ལུས་དང་། ངག་དང་། སེམས་ཐམས་ཅད་རྡོ་རྗེར་རྡོ་རྗེའི་དངོས་གྲུབ་དམ་པ་ཐོབ་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར
22a4 འགྱུར་རོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་ཁུ་ཚུར་དམ་ཚིག་ཆེན་པོའི་རྡོ་རྗེའི་ཕྱག་རྒྱ་ཡོངས་སུ་འཛིན་པས་དོན་གྱི་གནས་འདི་རྒྱ་ཆེར་སྟོན་ཏེ། བཞིན་རབ་ཏུ་འཛུམ་ཞིང
22a5 རྡོ་རྗེ་སྲ་ཞིང་རྡོ་རྗེ་སྲ་བའི་ཕྱག་རྒྱ་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་དམ་ཚིག་ཅེས་བྱ་བའི་སྙིང་པོ་འདི་གསུངས་སོ། ། ཨ། དེ་ནས་འདི་གསུང་བ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས
22a6 པ་ཨ་སེམས་ཅན་ཐམས་ཅད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཕྱག་རྒྱ་ཐམས་ཅད་ཀྱིས་རྡོ་རྗེ་སེམས་དཔའ་ཉིད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པ་དངོས་གྲུབ་མཆོག་གི་རྒྱུས་རྒྱས་གདབ
22a7 བོ། བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་གྱིས་ཡང་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ཐམས་ཅད་ལས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཕྱག་རྒྱ་ཐམས་ཅད་ཀྱི་དམ་ཚིག་སེམས་དཔའ་ཕྱུང་ནས་ཀྱང
iiif viewer powered by OpenSeadragon
21b - 22b