e-texts navigator
Collection
Volume
Page
Wylie

149b1 དངོས་གྲུབ་དང་། མཆོག་ཐམས་ཅད་སྒྲུབ་པའོ།། དེ་ནས་ལས་ཀྱི་ཕྱག་རྒྱ་ནི་རྡོ་རྗེ་ཁུ་ཚུར་སྡིགས་མཛུབ་དང་བཅས་པའི་མཛུབ་མོ་ནི་ཁྲོ་བའི་ཁུ་ཚུར་རོ།། དེ་དག་གི་ལས་དམ་ཚིག་ཕྱག་རྒྱའོ།།
149b2 མཛུབ་མོའི་སོར་མོ་གཉིས་ཀྱིས་ཐམས་ཅད་དགུག་པའོ།། སྙིང་ཁར་ཅིག་ཤོས་དག་གཡས་པའི་གདུག་པ་ཐམས་ཅད་གཅོད་པའོ།། མཁྲིག་མའི་མདུད་པས་གཡས་པའི་ཁྲོ་བོ་འགུགས་པས
149b3 ཐམས་ཅད་དགུག་པ་རབ་ཏུ་གཞུག་པའོ། ། བསྟོད་པ་དང་བཅས་པའི་མདའ་འཕངས་པའོ།། དེ་བཞིན་དུ་རྡོ་རྗེ་རྩེ་གསུམ་པ་ལ་སོགས་པའི་རྡོ་རྗེ་གར་གྱི་སྦྱོར་བས་རང་གི་ཕྱག་རྒྱ་གྱེན་དུ
149b4 འཕང་བའོ། ། ལས་ཀྱི་དམ་ཚིག་གི་ཕྱག་རྒྱ་གཉིས་སུ་བྱས་ལ་རྡོ་རྗེ་ཐལ་མོ་རྣམས་ཀྱི་ལས་ཀྱི་ཕྱག་རྒྱ་སྟེ། རྡོ་རྗེ་གར་གྱི་སྦྱོར་བས་རང་གི་དམ་ཚིག་གིས་ཕྱག་རྒྱ་སྟེང་དུ་དོར་བསྟེ་ཐམས་ཅད
149b5 ལ་རྒྱས་གདབ་པ་དང་། སྒྲུབ་པ་དང་། གསོད་པ་དང་། འབེབས་པ་དང་། འཚོ་བར་བྱེད་པ་ནི་རྡོ་རྗེ་གར་གྱི་མཆོད་པའོ།། དེ་ནས་ངག་གི་ཕྱག་རྒྱ་ནི་སྤྲིན་གྱི་སྒྲ་སྒྲོག་པའི་ཧཱུཾ་ཡིག་གི་ཧཱུཾ་ཕྲ་བའི
149b6 སྒྲ་དང་བཅས་པ་ཁྲོ་ཞིང་གསལ་བའི་ཁྲོ་བོའི་རྡོ་རྗེ་ངག་གོ། ། སྒྲུབ་པའི་དོན་བསྒྲུབ་པར་བྱའོ།། དེ་ནས་མ་གྲུབ་ན་ལས་ཀྱི་ཕྱག་རྒྱ་བཅིང་བའོ།། སྒྲུབ་པ་ནི་དེ་བཞིན་དུ་ཕྱག་རྒྱ་ཆེན་པོ་ལན་ཅིག
149b7 ཏུ་བྱའོ། ། ལས་ལ་ངེས་པར་སྦྱོར་བ་ཁྲོ་གཉེར་གྱིས་སོ།། རྡོ་རྗེ་ཧཱུཾ་མཛད་ལས་བྱུང་བའོ།། སྐེ་ཚེ་དང་བཅས་པའི་ཏིལ་མར་རྣོན་པོའི་སྦྱིན་སྲེག་ནི་གཡས་པས་སོ།། དེ་ཉིད་ཀྱིས་བཏང་བའོ།། །




iiif viewer powered by OpenSeadragon

149a - 150a

Texts on this page

S447 - dpal mchog dang po'i sngags kyi rtog pa'i dum bu zhes bya ba