| | e-texts navigator
|
144a1 འོག་ནས་བླང་བའོ། ། བྱབ་པའང་ངོ་།། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་མཛུབ་མོ་བཀུག་ཅིང་ཡོངས་སུ་བསྐོར་ཏེ་མཆེ་བ་རྣམ་པར་གཙིགས་པའི་འཇིགས་པའི་གདོང་གི་གཡོ་བ་མེད་པ་ཉིད
144a2 དོ། ། ཡན་ལག་ཐམས་ཅད་གློད་པར་འགྱུར་བའོ།། རབ་ཏུ་གཉིད་ལོག་ཅིང་ཁ་གདངས་པའོ།། རང་གི་སྙིང་ཁར་བརྡེག་པའོ།། མྱུར་དུ་མྱང་བའོ།། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་ཁ
144a3 གདངས་ཏེ་འཇིགས་པར་བྱེད་པའི་ཁ་དང་ལྡན་པ་སྒྲ་གྱེན་དུ་བརྫེས་པའི་སྤྱི་བོས་འོག་ནས་གྱེན་དུ་བླང་བར་བྱ་བའི་ལས་ནི་ཡི་གེ་བྷོ་དང་། རྡོ་རྗེ་ཁུ་ཚུར་མནན་པ་དང་། ཡི་གེ་ཧཱུཾ་དང་བཅས་པའི
144a4 ཡན་ལག་གི་མཆོག་གི་སྡིགས་མཛུབ་དང་། རང་ཉིད་མྱུར་དུ་ཁྲོས་པས་ལྷུང་བའོ།། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་སྲིན་ལག་དང་མཐེའུ་ཆུང་མཉམ་པ་ཁ་ཕྱེ་བའི་བ་དན་རྒྱལ་མཚན་མཆོག་གི
144a5 དཔུང་རྒྱན་གྱི་ལས་ནི་ཕྱག་འཚལ་བ་དང་། དགོད་པ་དང་། ལྕེ་བསྐྱོད་པ་དང་། དཔུང་པ་གཉིས་བསྙེམས་པས་བསྟོད་པ་དང་། རྒྱལ་མཚན་སྒྲེང་བའོ།། སེམས་དཔའི་སྐྱིལ་མོ
144a6 ཀྲུཀླུང་གིས་གནས་ཤིང་རྡོ་རྗེ་གསོར་བ་ཉིད་ཀྱིས་ནི་ནམ་མཁའ་དབུགས་གཏོར་བ་དང་། ཀུན་ཏུ་གཡོ་ཞིང་བཙུམས་པའི་ལྟེ་བས་ཆར་འབེབས་པའི་ཚུལ་དང་། ཁྲོ་བོའི་རྡོ་རྗེ་ཉི་མ་མེ་ལྷར་འབར
144a7 བའི་བཟླས་པ་དང་། ལྟ་བ་དབྲོག་པ་དང་། དྲང་བས་ཡན་ལག་བསྐོར་ཞིང་ཐམས་ཅད་རབ་ཏུ་འབར་བར་བྱེད་པ་འབེབས་པའོ།། རྡོ་རྗེ་བསྡམས་པའི་རྡོ་རྗེ་དྲན་མའོ།། རྡོ་རྗེ་བསྡམས་པའི
iiif viewer powered by OpenSeadragon
143b - 144b