e-texts navigator
Collection
Volume
Page
Wylie

133b1 ལྡན་འདས་ཀྱིས་མཁས་ཤིང་མཆོག་ཏུ་ཕྲ་བ་དང་། ཟབ་པ་དང་། རྒྱ་ཆེ་བ། བསམ་གྱིས་མི་ཁྱབ་པ། མཆོག་ཏུ་དག་པ། ཐོག་མ་དང་ཐ་མ་མེད་པ། མི་ཟད་ཅིང་ཟད་པ་མེད་པ། དོན་ཡོད་ཅིང་ཐོགས
133b2 པ་མེད་པ། ཤིན་ཏུ་མཆོག་ཏུ་དགའ་བ་མ་ལུས་པའི་བདེ་བ་ཆེན་པོ་དང་། ཡིད་མི་བདེ་བ་མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་དངོས་གྲུབ་ཆེན་པོའི་དབང་ཕྱུག་ཆེན་པོའི་མཆོག
133b3 ཏུ་མི་འགྱུར་བའི་དངོས་གྲུབ་ཐམས་ཅད་ཀྱི་མཆོག་རྡོ་རྗེ་དབབ་པ་རྣམས་ཀྱིས་རབ་ཧུ་སད་པར་མཛད་ནས། བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་དོན་ཡོད་པའི་མཆོག་གི་གསང་བ་ཞེས་བྱ་བའི་མཚོན་ཆ་མཆོག་ཏུ
133b4 གསང་བའི་ཆོ་ག་རྒྱུད་ཕྱི་མའི་མཆོག་བྱིན་གྱིས་རློབ་པར་མཛད་པའོ། ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གིས་བདག་ལ་བྱིན་གྱིས་བརླབ་པ་གཅིག་པུའི་ཆོ་ག་བཤད་པར་བྱའོ་ཞེས་བྱ་བ
133b5 བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། ། ཉིན་རེ་སྔོན་དུ་ལན་ཅིག་ཏུ།། ཕྱག་རྒྱ་ཆེ་དང་སྙིང་པོ་བཟླ།། ཀུན་གྱི་ཕྱག་རྒྱ་རབ་གྲུབ་པའི།། བདག་བྱིན་རླབས་པ་གཅིག་པུའི་འགྲུབ།།
133b6 ཅེས་བྱ་བ་ནི་མཆོག་ཏུ་གྲུབ་པའོ།། དེ་ནས་མཆོག་ཏུ་གསང་བ་དག་ལ་བྱིན་གྱིས་བརླབས་པ་གཅིག་པུ་སྒྲུབ་པའི་ཆོ་ག་མཆོག་གྲུབ་པ་ནི། ལན་ཅིག་དམ་ཚིག་གསུམ་མཆོག་ཏུ།། གསང་བ་དམ་པའི
133b7 ཁང་པར་ནི། ། རྡོ་རྗེ་ལ་སོགས་ཐོབ་ཟུང་ན།། རྡོ་རྗེ་ཅན་གྱི་བྱིན་རླབས་འགྱུར།། དེ་ནས་ཤིན་ཏུ་མཆོག་ཏུ་གསང་བའི་བདག་ལ་བྱིན་གྱིས་བརླབས་པ་གཅིག་པུ་སྒྲུབ་པའི་ཆོ་ག་རྒྱས་པའི་ཁྱད་པར




iiif viewer powered by OpenSeadragon

133a - 134a

Texts on this page

S447 - dpal mchog dang po'i sngags kyi rtog pa'i dum bu zhes bya ba