| | e-texts navigator
|
128a1 གཟིགས་པའི་ཕྱག་རྒྱས་བཏབ་པ་ཙམ་གྱིས་ཐམས་ཅད་ལ་རྒྱས་འདེབས་པར་མཛད་པ་དང་། དོན་ཡོད་ཅིང་ཐོགས་པ་མེད་པ་དངོས་པོ་ཐམས་ཅད་དང་ལས་ཀྱི་ཚོགས་རྣམ
128a2 ལ་དགོངས་ཤིང་མཆོག་ཏུ་གྲུབ་པའོ། ། དེ་བཅོམ་ལྡན་འདས་ཡུམ་འདིའི་རྡོ་རྗེ་ཕྲ་མོའི་གཡོན་པའི་ཁྲོ་བའི་བཟླས་པ་ནི་ཡིད་ཀྱི་འདོད་པས་དངོས་གྲུབ་ཐམས་ཅད་དང་ལས་ཀྱི་ཚོགས་རྣམས་ལས
128a3 མཆོག་ཏུ་གྲུབ་པའོ། ། ཧྲཱིཿ། གཉིས་པ་ནི་རྡོ་རྗེ་ཆེན་པོ་འདོད་པའི་མེ་འབར་བའི་དམ་ཚིག་གི་ལན་ཞེས་བྱ་བའི་ལྷ་མོ་སྟེ། དབུས་སུ་རང་གི་ལྷག་པའི་ལྷ་བསྟོད་པའི་ཞལ་འཛུམ་པའི་སྤྱན་ཅུང
128a4 ཞིག་འཛུམས་ཤིང་དགའ་བ་ཆེན་པོའི་རྡོ་རྗེའི་ལྟ་བའི་ཕྱག་རྒྱས་འདིས་ཐམས་ཅད་གྲུབ་པར་མཛད་པ་དང་། ཙུམ་པ་དང་། འཁྱུད་པ་ལ་སོགས་པའི་རེག་པའི་ཕྱག་རྒྱས་རྒྱས་བཏབ་པ་ཙམ
128a5 གྱིས་ཐམས་ཅད་ལ་རྒྱས་འདེབས་པར་མཛད་པ་དང་། ཕྱག་རྒྱ་ཐམས་ཅད་འཇོམས་པར་མཛད་པ་དང་། ཐམས་ཅད་ཀྱིས་གསོད་པར་མཛད་པ་དང་། དོན་ཡོད་ཅིང་ཐོགས་པ་མེད་པའི
128a6 དངོས་གྲུབ་ཐམས་ཅད་དང་། ལས་ཀྱི་ཚོགས་རྣམས་ལས་དགོངས་ཤིང་མཆོག་ཏུ་གྲུབ་པའོ།། དེ་ནས་བཅོམ་ལྡན་འདས་ཡུམ་འདིའི་བྱ་རོག་གི་མགྲིན་པའི་དབྱངས་ཀྱིས་རྡོ་རྗེ་དག་གི
128a7 ཁྲོ་བོའི་བཟླས་པ་ནི་ཡིད་ཀྱི་འདོད་པས་དངོས་གྲུབ་ཐམས་ཅད་དང་ལས་ཀྱི་ཚོགས་རྣམས་ལ་མཆོག་ཏུ་གྲུབ་པའོ། ། ཧཱུཾ། གསུམ་པ་ནི་རྡོ་རྗེ་ཆེན་པོའི་འདོད་པའི་མེ་འབར་བ་ཐལ་བར་རློག
iiif viewer powered by OpenSeadragon
127b - 128b