| | e-texts navigator
|
123a1 གཞུ་འཛིན་པ། ། ལ་ལར་གདུལ་བྱ་རྣམ་པར་སྦྱང་ཕྱིར་བརྩོན་པའི་རྡོ་རྗེ་སེམས་ཁྱོད་མཁའ་བཞིན་བཞུགས། མ་ལུས་འདུལ་བ་མཁས་པའི་བདེ་བ་དམ་པ་ཉིད་ཕྱིར
123a2 བདག་ལ་འགྲུབ་གྱུར་ཅིག། དེ་ནས་མཆོག་ཏུ་གསང་བའི་ཆོ་ག་དམ་པའི་གསང་བའི་མཆོག་དཔལ་དམ་ཚིག་གསུམ་གྱི་འཇུག་པའི་རྡོ་རྗེ་གླུའི་མཆོག་ཏུ་གྲུབ་པ་ནི་འདི་ཡིན་ཏེ། དངོས་གྲུབ
123a3 ཀུན་གྱི་བདེ་བ་ཉམས་དགའ་བའི། ། ཐར་པའི་གྲོང་ཁྱེར་བཅོམ་ལྡན་བདེ་ཆེན་འཇུག། མཆོག་ཏུ་བདེ་བ་དམ་པའི་དངོས་གྲུབ་ཀྱིས།། ཛཿཧཱུཾ་བཾ་ཧོཿརབ་ཏུ་གྲུབ་པར་མཛོད།། དེ་ནས་ཤིན་ཏུ
123a4 མ་ཆོག་ཏུ་གསང་བའི་ཆོ་ག་མཆོག་ཏུ་གསང་བ་བླ་ན་མེད་པའི་དམ་པའི་དཔལ་དམ་ཚིག་བླ་ན་མེད་པའི་མཆོག་ཤིན་ཏུ་གསང་བའི་རྡོ་རྗེའི་གླུའི་མཆོད་པ་མཆོག་ཏུ་ཤིན་ཏུ་གྲུབ་པ་ཞེས་བྱ་བ་མངོན་པར
123a5 བརྗོད་ནས། ཤིན་ཏུ་མཆོག་གི་དེ་ཁོ་ན་ཉིད་ཀྱི་རྡོ་རྗེའི་མཆོད་པའི་གླུ་དང་། གར་དང་། ཆོ་གས་ཇི་ལྟ་བ་བཞིན་དུ་རྗེས་སུ་བསྒྲུབས་ནས་སོ་སོར་རྗེས་སུ་བསྒྲུབ་པར་བྱའོ་ཞེས་བྱ་བ་དང་། དེ་བཞིན
123a6 གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་ཤིན་ཏུ་གསང་བ་བླ་ན་མེད་པའི་རྟོག་པ་ཐམས་ཅད་ཀྱི་སྣ་ཚོགས་པའི་དམ་ཚིག་ཆེན་པོའི་མཆོད་པ་མཆོག་ཏུ་གྲུབ་པ་ཡིན་ནོ་ཞེས་བྱ་བར་ཡང་གསུངས་སོ། །
123a7 སྣ་ཚོགས་ཆོ་ག་འདི་ཡིས་ནི།། རྡོ་རྗེ་སེམས་དཔ་བསྡུས་པ་ཡིན།། ཀུན་མཆོག་སྣ་ཚོགས་ཆེན་པོ་ཡི།། རྣལ་འབྱོར་དབང་ཕྱུག་རབ་ཏུ་གྲུབ།། ཅེས་བྱ་བ་ཤིན་ཏུ་གསང་བ་བཅོམ་ལྡན་འདས
iiif viewer powered by OpenSeadragon
122b - 123b