| | e-texts navigator
|
119a1 སློབ་དཔོན་སྨད་པར་མི་བྱ་སྟེ།། འདི་ནི་སངས་རྒྱས་ཀུན་དང་འདྲ།། སངས་རྒྱས་ཀུན་མཚུངས་བླ་མ་ཡི།། སློབ་དཔོན་ལ་ནི་གང་སྨོད་པ།། དེས་ནི་སངས་རྒྱས་ཀུན་སྤང
119a2 པས། ། རྟག་ཏུ་སྡུག་བསྔལ་ཐོབ་འགྱུར་ཏེ།། རིམས་དང་དུག་དང་སྦྱར་དུག་དང་།། མཁའ་འགྲོ་རྣམས་ཀྱིས་གཙེས་པ་དང་།། གདོན་དང་ལོག་འདྲེན་གཏུམ་པོ་ཡིས།། བསད་ནས་སེམས་ཅན་དམྱལ
119a3 བར་ལྷུང་། ། དེ་བས་འབད་པ་ཐམས་ཅད་ཀྱིས།། རྡོ་རྗེ་སློབ་དཔོན་བློ་གྲོས་ཆེ།། དགེ་བ་རབ་ཏུ་མི་སྤྱོམས་པ།། ནམ་ཡང་སྨད་པར་མི་བྱའོ།། བླ་མ་ལ་ནི་གུས་བཅས་ཡོན།། རྗེས་འཐུན
119a4 ཁྱོད་ཀྱིས་སྦྱིན་པར་བྱ། ། དེས་ནི་རིམས་སོགས་གནོད་པ་རྣམས།། ཕྱིར་ཞིང་འབྱུང་བར་མི་འགྱུར་རོ།། རང་གི་དམ་ཚིག་སློབ་དཔོན་ནི།། སྦྱིན་མིན་བུ་དང་ཆུང་མ་དང་།། རང་སྲོག་གིས་རྟག
119a5 བསྙེན་བྱ་ན། ། ལོངས་སྤྱོད་གཡོ་བ་སྨོས་ཅི་དགོས།། གང་གིས་བསྐལ་བ་བྱེ་བ་ནི།། གྲངས་མེད་པར་ཡང་རྙེད་དཀའ་བའི།། སངས་རྒྱས་ཉིད་ཀྱང་རྩོད་ལྡན་ལ།། ཚེ་འདི་ཉིད་ལ་སྟེར
119a6 བར་བྱེད། ། རྟག་ཏུ་རང་གི་དམ་ཚིག་སྲུང་།། རྟག་ཏུ་དེ་བཞིན་གཤེགས་པ་མཆོད།། རྟག་ཏུ་བླ་མ་ལ་ཡང་མཆོད།། འདི་ནི་སངས་རྒྱས་ཀུན་དང་འདྲ།། དེ་བྱིན་སངས་རྒྱས་ཐམས
119a7 ཅད་ལ། ། རྟག་ཏུ་བྱིན་པ་ཉིད་དུ་འགྱུར།། དེ་བྱིན་བསོད་ནམས་ཚོགས་ཡིན་ཏེ།། ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར།། དེ་ཕྱིར་འདི་ནི་ལེགས་གནས་པས།། དེང་ཁྱོད་སྐུ
iiif viewer powered by OpenSeadragon
118b - 119b