e-texts navigator
Collection
Volume
Page
Wylie

303a1 @པ་བོ། ། ཁྲོ་བོ་དུམ་འོད་བཞིན་འཕྲོ།། ཕྱག་རྣམས་དུས་མཚོན་ཆ་བརྒྱ།། དུ་མའི་ཞལ་ལ་སྐུ་ཡང་སྟོང་།། འཁྱིལ་ཅིང་རྒྱན་ཡང་འཁྱིལ་བ་ལ།། སེམས་ཀྱི་ཆོས་པས་སྐུ་མི་མངའ།
303a2 རྣམ་པར་རྟོག་པ་མ་ལུས་སྤངས།། མ་རིག་འཇོམས་པའི་ཚངས་པ་སྟེ།། འདོད་ཆགས་ཞེ་སྡང་དྲི་མཐར་མཛད།། སྒྱུ་མ་གཏོགས་འདོད་རྡོ་རྗེ་ཅན།། རྩེ་གསུམ་རྩེ་གསུམ་འཆང་འཕྲོག་པ།། འདོད་ཆག
303a3 ཞེ་སྡང་གཏི་མུག་ཆེ། ། སྲིད་དང་སྲིད་མིན་རྣམ་སྦྱོང་བ།། ཞི་ཞིང་དུལ་ལ་དགའ་བ་སྟེ།། སངས་རྒྱས་སངས་རྒྱས་རབ་རྟོགས་པ།། སངས་རྒྱས་བདག་ཉིད་སངས་རྒྱས་སྐུ།། རྡོ་རྗེ་རབ་སྐྱེས་རྡོ་རྗེ་སེམས།།
303a4 ཀུན་ཏུ་བཟང་པོ་ཆེར་བཟང་བ།། མཚན་རྣམས་དམ་པས་རྣམ་པར་བརྒྱན།། ཁམས་གསུམ་བདག་ཉིད་ཁྱབ་པ་པོ།། ཐམས་ཅད་རྡོ་རྗེ་བདག་ཉིད་གཙང་།། གང་གི་འདི་བྲིས་བཀླགས་གྱུར་ཏམ།། རྟག་ཏུ་དེ་དོན
303a5 འཆང་བྱེད་དམ། ། དྲན་ནམ་ཉན་པར་བྱེད་ཀྱང་རུང་།། ཕྱག་ན་རྡོ་རྗེ་འདྲ་བར་འགྱུར།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བརྒྱ་བྱིན་དང་། ཚངས་པ་ལ་སོགས་པ་ལྷ་དང་། མི་དང་།
303a6 ལྷ་མ་ཡིན་དང་། དྲི་ཟ་དང་། གནོད་སྦྱིན་དང་། སྲིན་པོ་ལ་སོགས་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་སྟེ་རྗེས་སུ་ཡི་རང་ངོ་།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས
303a7 པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོའི་བརྟག་པ་ཕྱོགས་གཅིག་པ་རྫོགས་སོ། ། ། རྒྱ་གར་གྱི་མཁན་པོ་ཤཱན་ཏིང་གརྦྷ་དང་། བོད་ཀྱི་ལོ




iiif viewer powered by OpenSeadragon

302b - 303b

Texts on this page

S442 - de bzhin gshegs pa dgra bcom pa yang dag par rdzogs pa'i sangs rgyas ngan song thams cad yongs su sbyong ba gzi brjid kyi rgyal po'i brtag pa zhes bya ba