e-texts navigator
Collection
Volume
Page
Wylie

302b1 རྡོ་རྗེ་འབར་བ་ཆེར་འབར་བ། ། རྡོ་རྗེ་ཤུགས་ཏེ་ཤུགས་ཆེ་བ།། རྡོ་རྗེ་མཚོན་ཆ་མཚོན་ཆཆེ།། ཕྱག་ན་རྡོ་རྗེ་ཕྱག་ཆེན་པོ།། རྡོ་རྗེ་མདའ་སྟེ་རབ་འཇིགས་པ།། རྡོ་རྗེ་རྣོན་ངོ་རྣོ་བ་ཆེ། ཆེ་བའི་ཆེ་བ་རྒྱ་མཚོ་ཆེ།། རྡོ་རྗེ་ཨུ0f7f་བ
302b2 ཡང་ཆུབ་ཆེ། ། བྱང་ཆུབ་སངས་རྒྱས་རབ་བྱུང་བ།། རྡོ་རྗེ་རྒྱ་ཆེན་རྒྱ་ཆེན་ཏེ།། རྡོ་རྗེ་སྒྱུ་མ་རྣམ་སྦྱོང་བ།། རྡོ་རྗེ་ཆུ་སྟེ་གནོད་སྦྱིན་ཆེ།། རྡོ་རྗེ་པདྨ་རྣམ་སྦྱོང་བ།། རྡོ་རྗེ་ཁྲོ་བོ་དྲག་པོ་ཆེ།། རྡོ་རྗེ་དགྲ་སྡང་འཇོམས་པའི་གཙོ།
302b3 རྡོ་རྗེ་སྲུང་བ་སྲུང་བ་ཆེ།། རྡོ་རྗེ་ལྕགས་ཀྱུ་དོན་ཡོད་བྱེད།། རྡོ་རྗེ་རོ་ལངས་རོ་ལངས་ཆེ།། རྡོ་རྗེ་སྲིན་པོ་ཟ་བ་པོ།། རྡོ་རྗེ་གནོད་སྦྱིན་གནོད་སྦྱིན་ཆེ།། རྡོ་རྗེ་གདོན་ཏེ་གདོན་ཆེའི་མཆོག། འཇིགས་བྱེད་དགའ་བྱེད་དྲག་པོ
302b4 པ། རྡོ་རྗེ་འཇིགས་བྱེད་སྔགས་བྱེད་པ།། སྒྲུབ་དཀའ་སྒྲུབ་པས་ལེགས་པ་སྟེ།། རྡོ་རྗེ་ལེགས་པ་དགྱེས་མཛད་པ།། རྡོ་རྗེ་དགའ་བ་དགའ་བ་ཆེ།། དགའ་བའི་རྡོ་རྗེ་དབང་བྱེད་པ།། རྡོ་རྗེ་གཟི་བརྗིད་གཟི་བརྗིད
302b5 ཆེ། ། འབར་འོད་གཤིན་རྗེ་མཐར་བྱེད་པ།། རྡོ་རྗེ་དྲག་པོ་དྲག་པོ་ཆེ།། འོད་སྡུག་པས་ན་སྟུག་པ་ཆེ།། ནམ་མཁའ་དང་ནི་མཉམ་པའོ།། རེ་བ་ཐམས་ཅད་རྫོགས་མཛད་པ།། རྡོ་རྗེ་དབང་བསྐུར་རིན་ཆེན་མཆོག། རྡོ་རྗེ
302b6 རྒྱལ་མཚན་ཡོན་ཏན་མཆོག། རྡོ་རྗེ་ཡེ་ཤེས་ཡེ་ཤེས་ཆེ།། རིག་པ་བྱེ་བའི་ཚོགས་ཀྱིས་མཆོད།། ཧ་ལ་ཧ་ལ་ནག་པོ་ཆེ།། དགྲ་ཆེ་ཞིང་ནི་འཇོམས་པ་ཅན།། རྡོ་རྗེ་འདོད་པ་འདོད་པ་ཆེ།། རྙོགས་པའི་དུས་ངན་རྣམ
302b7 སྦྱོང་བ། ། སྐད་ཅིག་གཡོ་བའི་ཐེ་ཚོམ་གཅོད།། གློག་བཞིན་ཞལ་གྱི་ལྗགས་ལས་འཕྲོ།། རྡོ་རྗེ་མེ་སྟེ་དྲག་པོའི་ཞལ།། དྲག་པོ་རབ་སྡང་སྣང་མཛད་པ།། ཉི་མ་སྟོང་གིས་གདུངས་པའི་ཞལ།། སྤྱན་དམར་འཇིགས་པར་མཛ




iiif viewer powered by OpenSeadragon

302a - 303a

Texts on this page

S442 - de bzhin gshegs pa dgra bcom pa yang dag par rdzogs pa'i sangs rgyas ngan song thams cad yongs su sbyong ba gzi brjid kyi rgyal po'i brtag pa zhes bya ba