| | e-texts navigator
|
177b1 མཚན་ཆེ། རྡོ་རྗེ་གང་རྒྱངས་རྡོ་རྗེའི་བདག། རྡོ་རྗེ་སྡེ་སྡེ་ཆོས་མཆོག་འཛིན།། རྡོ་རྗེ་རྒྱལ་མཚན་ཤིན་ཏུ་རྣོ།། རྡོ་རྗེ་འཁོར་ལོ་བཟླས་པ་ཆེ།། ལས་ཀྱི་རྡོ་རྗེ་རྡོ་རྗེ་ཆེ།། རྡོ་རྗེ་གནོད་སྦྱིན་འཇིགས་ཆེན་པོ།། རྡོ་རྗེ
177b2 ཕྱག་རྒྱ་སྒྲ་ཆེན་པོ། ། རྡོ་རྗེ་ཁུ་ཚུར་བརྟན་པ་ཆེ།། རྡོ་རྗེ་འབར་བ་རྡོ་རྗེ་ཆེ།། ལས་ཆེན་པོ་སྟེ་མངའ་ཆེན་པོ།། རྡོ་རྗེ་ལེགས་པ་དགའ་བ་ཆེ།། རྡོ་རྗེ་རྒྱན་ནི་འཕྲོག་བྱེད་པ།། རྡོ་རྗེ་འོད་དེ་རྒྱལ་མཚན་ཆེ།། རྡོ་རྗེ་ཚེམས
177b3 ནིརབ་དགའ་བ། ། རྡོ་རྗེ་པདྨ་ཤིན་ཏུ་གཅོད།། རྡོ་རྗེ་དཀྱིལ་འཁོར་རྡོ་རྗེ་རིག། རྡོ་རྗེ་ལྗགས་ཏེ་སྣ་ཚོགས་ཆེ།། སྣ་ཚོགས་མཚོན་ཆེན་སྐྱེ་དགུ་མངའ།། གོ་ཆ་ཆེན་པོ་རྡོ་རྗེ་སྐུ།། རྡོ་རྗེ་མཆེ་བ་འཇིགས་བྱེད
177b4 པ། རྡོ་རྗེ་བསྡམས་པ་རྡོ་རྗེ་ཆེ།། རྡོ་རྗེ་ཁྲོ་བོ་གཞུ་ཆེན་པོ།། རྡོ་རྗེ་ལྕགས་ཀྱུ་མཛོད་ཆེན་པོ།། ཞགས་པ་ཆེན་པོ་དབང་ཆེན་པོ།། རྡོ་རྗེ་ལྕགས་སྒྲོག་འབེབས་པ་ཆེ།། རྡོ་རྗེ་དབབ་པ་འཇིགས་བྱེད་པ།། ཡི་གེ
177b5 ཛསྟེ་ཡི་གེ་ཧཱུཾ། ། ཡི་གེ་ཧཱུཾ་ནི་དམ་དུ་འཆིང་།། ཡཾ་གེ་ཧོ་སྟེ་ཡི་གེ་ཧཿ། རྡོ་རྗེ་ཕྱག་རྒྱ་དྲེགས་པ་མཆོག། རྡོ་རྗེ་སེམས་དཔའ་ཁྲོ་བོ་ཆེ།། ལྕགས་ཀྱུ་བསྡིགས་མེད་རྡོ་རྗེ་ཁྲོ།། རྡོ་རྗེ་བདུད་དེ་བདུད་ཀྱི་མཆོག།
177b6 བདུད་ཀྱི་བདུད་ནི་རབ་འཇོམས་པ།། རྡོ་རྗེ་དགའ་བ་ཞི་བ་ཆེ།། རྡོ་རྗེ་དཀའ་ཐུབ་ཤིས་མཛད་པ།། རྡོ་རྗེ་དྲག་པོ་ཤིན་ཏུ་གདུག། རྡོ་རྗེ་རང་དབང་རྡོ་རྗེ་མཛད།། རྡོ་རྗེ་འདོད་པ་ཁྲོ་བོ་ཆེ།། རྡོ་རྗེ་སྒྲ་སྟེ་སྒྲ་ཆེན་པོ།
177b7 སངས་རྒྱས་ཧཱུཾ་མཛད་ཡི་གེ་ཧཱུཾ།། ཡི་གེ་ཕཊ་སོགས་དང་མཉམ་པ།། ཡི་གེ་ཕཊ་ནི་འབར་བའི་བཀའ།། ཡི་གེ་སྭཱཧཱ་རང་བཞིན་མེད།། གཙོ་བོ་གསོད་དང་སློང་མཛད་པ།། དྲི་མེད་སྐྲག་དང་དབུགས་འབྱིན
iiif viewer powered by OpenSeadragon
177a - 178a