| | e-texts navigator
|
176b1 དབུས་སུ་རྡོ་རྗེ་རྡོ་རྗེ་བཞི།། ཤར་དུ་ཡི་གེ་སུམ་ཅུ་བྲི།། ཡི་གེ་སུམ་ཅུ་དེ་བཞིན་ལྷོར།། སུམ་ཅུ་བྱུང་གི་ཕྱོགས་ཆ་རུ།། ནུབ་ཏུ་སུམ་ཅུ་སྦྱར་བར་བྱ།། ཡི་གེ་བཅུ་དྲུག་ཡང་དག་སྦྱོར།། དབུས་སུ་སངས་རྒྱས་བཞི
176b2 ལྡན་བྱ། ། རྡོ་རྗེ་གནོད་སྦྱིན་རྣལ་འབྱོར་ཆེ།། རྣལ་འབྱོར་དབང་ཕྱུག་དབང་ཕྱུག་ཆེ།། དཔལ་ལྡན་འཇིག་རྟེན་རྣོན་པོར་ལྡན།། དབབ་པ་བརྟན་པའི་ཚོགས་གྱུར་པ།། སྨྲ་བ་ལས་བྱུང་རྒྱལ་བ་ཆེ།། སངས་རྒྱས་རྣལ
176b3 འབྱོར་འཇུག་པར་བྱ། ། ཨུ་རོ་ཏེ་ཀོ་ཏ་མ་ཧཨཱརྱ་ཡོ་དྷརྱ་དཱི་ར་ཏེ་ནཱ་མ་ནེ།། དེ་ནས་སྦྱོར་བ་འདི་ཡིས་ནི།། རྡོ་རྗེ་འཁོར་ལོ་གཞུག་པར་བྱ།། ཧ་ཧ་ཧོ་སོགསང་ཆེན་པོའི།། རྩེ་གསུམ་རལ་པ་གསུམ་འཛིན་པ།།
176b4 རྒྱཆེན་གཟི་བརྗིད་ཆེན་པོའི་དོན།། རྡོ་རྗེ་ཐིག་གིས་ཡོངས་སུ་བསྐོར།། སློབ་དཔོན་ཆེན་པོས་བལྟ་བྱས་ནས།། ཡི་གེ་རབ་ཏུ་བརྗོད་པར་བྱ།། རྡོ་རྗེའི་དཀྱིལ་འཁོར་འཁོར་ལོ་ཡིས།། རྡོ་རྗེའི་འཁོར་ལོ་ཀུན་ཏུ་སྤྲོ།།
176b5 ཨ་ཨཱུའི་རྣལ་འབྱོར་ཡང་དག་གཟུང་།། ཨི་ཨཱི་དབང་ཕྱུག་ཆེར་པོའི་འོད།། ཨུ་ཨཱུ་རྣོན་པོ་འཆང་བ་སྟེ།། ཨེ་ཨེ་སྨ་དབྱངས་རང་བསྐུལ་བ།། ཨོཾ་ཨོཾ་སྐྱབས་བྱེད་རྩིགས་ཆེན་པོ།། ཨཾ་ཨཿཤེས
176b6 རབ་སྟོན་བཟང་བ། ། རྡོ་རྗེ་ལྕགས་ཀྱུ་འདི་ཡིས་ཀྱང་།། རྡོ་རྗེ་འཆང་ནི་བསྐུལ་བར་བྱ།། ཇི་ལྟར་འཁོར་ལོ་ཇི་ལྟར་རིགས།། ཇི་འོས་ཇི་ལྟར་རྡོ་རྗེའི་ཚོགས།། དེ་བཞིན་འཁོར་ལོ་ཡོངས་སུ་དགོད།། རྡོ་རྗེ
176b7 སློབ་དཔོན་དཀའ་ཐུབ་ཆེ། ། སྐལ་བ་ཆེན་པོ་གསང་བ་འདི།། རྡོ་རྗེ་འཁོར་ལོ་ཡང་དག་སྦྱོར།། རྣམ་འཕྲུལ་དེ་ནི་རབ་ཏུ་བསྐོར།། འཁོར་ལོ་དབབ་དང་གཞུག་པ་དང་།། ཆོ་ག་ཇི་བཞིན་འཇུག་པར་བྱ།། རྡོ་རྗེ
iiif viewer powered by OpenSeadragon
176a - 177a