e-texts navigator
Collection
Volume
Page
Wylie

174b1 དམ་ཚིག་ཅེས་བྱ་གཏན་མི་འགྲུབ།། ཕྱག་རྒྱ་ཆེན་པོ་མདོར་བསྡུས་ནས།། རྡོ་རྗེ་ཕྱག་རྒྱ་ཡོངས་སུ་གཟུང་།། དེ་ནས་གྲུབ་པའི་ཕྱག་རྒྱ་ཆེ།། གྲུབ་པ་ཆོ་ག་ཡང་དག་གིས།། མྱུར་དུ་རབ་ཏུ་འགྲུབ་འགྱུར་བ། རྨང
174b2 བྱུང་ཆེན་པོ་རབ་བཤད་བྱ། ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡེ་ཧཱུཾ། ཟླ་བའི་དཀྱིལ་འཁོར་གང་བར་བཞུགས།། ཕྱག་རྒྱ་ཆེན་པོ་ཡོངས་སུ་གཟུང་།། རྡོ་རྗེ་སྔགས་ཀྱིས་བསྐུལ་བྱ་ཞིང་།། སངས་རྒྱས་བྱང་ཆུབ
174b3 ། རབ་ཏུ་སྒྲུབ།། ཧཱུཾ་བཛྲ་མ་ཏ།། རྡོ་རྗེའི་རིག་པ་མཆོག་རྒྱལ་པོ།། བདག་ཉིད་ཡོངས་སུ་བསྒོམ་བྱ་ཞིང་།། སངས་རྒྱས་ཐམས་ཅད་འཇིག་བྱས་ན།། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད།། ཨོཾ་བྷྲྀ་ཀུ་ཊཱི་ད་ར་ཏ།
174b4 རང་བདག་ཉིད་ནི་དབང་བསྐུར་བ།། རིན་ཆེན་ཕྱག་རྒྱ་ཡོངས་སུ་གཟུང་།། རིན་ཆེན་ཆར་ནི་རབ་ཕབ་ནས།། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད།། ཨོཾ་པདྨ་བཛྲ་ཧྲཱི་ཐཿ། ཤེས་རབ་ཅན་དུ་རང་བདག་ཉིད།།
174b5 རྡོརྗེ་སྤྱན་ནི་ཡོངས་སུ་བཟུང་།། རྡོ་རྗེ་སྔགས་ཀྱིས་བསྐུལ་བྱ་ཞིང་།། པདྨའི་རིགས་ཆེན་བསྐུལ་བར་བྱ།། ཧཱུཾ་ཀརྨ་བཛྲ་ཀྲི་ཏིཏ། སྣ་ཚོགས་རྡོ་རྗེ་རྒྱལ་པོ་ཆེ།། བྱ་བ་སྣ་ཚོགས་བདག་ཉིད་ཆེ།། སངས་རྒྱས
174b6 ཐམས་ཅད་མཆོད་བྱས་ན། ། དངོས་གྲུབ་ལས་ནི་ཐོབ་པར་གྱུར།། བུད་མེད་སྡུག་དང་ལྷན་ཅིག་ཏུ།། དཀྱིལ་འཁོར་དག་ནི་ཡང་དག་བྱ།། མདོ་སྡེ་གསང་དབང་རྒྱལ་པོ་ལས།། རྣམ་པ་བཞི་ནི་རབ་ཏུ་བྱུང་།། དེ་ནས
174b7 མཚན་ཉིད་སྣ་ཚོགས་ཡོངས་བསྡུས་པ། ། རབ་ཏུ་སྤྱན་ཡངས་དགའ་བ་ཆེན་པོ་མཆོག། དེ་བཞིན་ཚོགས་དང་རྡོ་རྗེ་སྤྱན་ལྡན་པ།། ཤེས་རབ་སྤྱན་གྱིས་བཙུན་མོ་མཆོག་ཆེན་ལྡན།། ཨོཾ་བཛྲ་ཀརྨ་ཧོ། བཛྲ་ཧཱུཾ




iiif viewer powered by OpenSeadragon

174a - 175a

Texts on this page

S439 - gsang ba rnal 'byor chen po'i rgyud rdo rje rtse mo