| | e-texts navigator
|
172a1 དང་བཅས་ཤིང་མེ་ལ། ། རྡོ་རྗེ་ཁྲོ་བོའི་ཏིང་འཛིན་གྱིས།། སྔགས་སོགས་འབྲས་བུའི་སྦྱིན་སྲེག་ནི།། དབང་དུ་བྱེད་པའི་མཆོག་ཡིན་ནོ།། ཨོཾ་བཛྲ་བ་ཤཾ་ཀ་རཱ་ཡ་སྭཱཿ།། ཁ་བ་དང་ནི
172a2 མངར་བ་ཉིད། ། ཡམ་ཤིང་མངར་པོ་སྦྱར་བྱ་ཞིང་།། འདོད་པའི་མེ་ཏོག་འབྲས་བསྲེགས་ན།། འདོད་པའི་གཟུགས་ཅན་མཆོག་ཏུ་འགྱུར།། ཨོཾ་བཛྲ་ཀཱ་མ་རཱུ་པ་ཎེ་སྭཱ་ཧཱ།། དེ་ནས་བུད་ཤིང་དེ་དག་ཉིད
172a3 ཀྱིས་ནི། ། རབ་ཏུ་ཁྲོས་པས་མེ་སྦྱར་ནས།། སྨྱུག་མའི་འབྲས་བུ་ཕྲ་མོ་བསྲེགས།། མྱུར་དུ་མི་སྣང་ཉིད་དུ་འགྱུར།། ཨོཾ་བཛྲ་ཨ་ཏྲི་ཤ་ཡ་སྭཱཧཱ།། ཤེས་རབ་བུད་ཤིང་དེ་ཉིད་ཀྱིས།། དྲག་པོའི་མེ་ནི་རབ་སྦར
172a4 ནས། ནམ་མཁའ་སྟོབས་ཀྱི་མེ་ཏོག་དགོ། བསྲེགས་ན་ནམ་མཁར་འགྲོ་བར་འགྱུར།། ཨོཾ་བཛྲ་ཁེ་ཙ་རི་ནི་སྭཱ་ཧཱ།། དེ་ནས་མངག་གཞུག་པ་དང་གཡོག། བཀའ་བཞིན་བྱེད་པ་རབ་ཏུ་བསྐུལ།
172a5 ཅིནས་ཀྱང་ནི་བྱུར་འགྲུབ་པའི།། གོ་རིམས་བཞིན་དུ་རབ་བཤད་བྱ།། ཤིང་ནི་ཁ་བོས་བུད་ཤིང་བྱ།། ཐབ་ཁུང་རྡོ་རྗེའི་དབྱིངས་སུ་བརྐོ།། ཁྲོས་པས་རྡོ་རྗེ་མེ་ཏོག་སྲེག། ཡི་གེ་ཛ་ནི་ཡོངས་སུ་བརྗོད།
172a6 སྔགས་ཀྱི་སྦྱོར་བ་འདི་ཡིས་ནི།། རྡོ་རྗེའི་སྔགས་ནི་རབ་ཏུ་བསྐུལ།། རྡོ་རྗེ་མེ་ཏོག་དག་བསྲེགས་ན།། བཀའ་བྱེད་མཆོག་ནི་རྙེད་པར་འགྱུར།། ཨོཾ་བཛྲ་ཨཱ་ཛྙཱ་ཀཱ་ར་ཡ་ཛ།། ཡམ་ཤིང་དེ་དག་ཉིད་དང་ནི།
172a7 ཐབ་ཁུང་ངོ་ཉིད་བརྐོ་བྱ་ཞིང་།། བྱང་ཆུབ་སེམས་དཔའི་དམན་མ་གང་།། བསྲེགས་ན་བཀའ་བཞིན་བྱེད་པར་འགྱུར།། ཨོཾ་བཛྲ་སོ་རི་བ་ཤཾ་ཀ་རཱ་ཡ་ཛ།། བུད་ཤིང་དེ་དག་ཉིད་ཀྱིས་མེ།། ཀུན་ཏུ་ཐབ
iiif viewer powered by OpenSeadragon
171b - 172b