e-texts navigator
Collection
Volume
Page
Wylie

171b1 ནི། དགེ་བ་འབྱུང་བས་མེ་སྦར་ནས།། ཀུ་ཤའི་མྱུ་གུ་ཏིལ་མར་གྱིས།། འཇིག་རྟེན་གསུམ་ཡང་སྲུང་བར་འགྱུར།། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ།། སྔོན་ལ་ཞི་བ་སྦྱར་བར་བྱ།། དབུས་ཀྱི་གཉིས
171b2 ལ་རྒྱས་དེ་བཞིན། ། ཞི་བ་དང་ནི་རྒྱས་པ་ཡི།། སྦྱིན་སྲེག་ལས་ནི་དང་བར་འགྱུར།། ཤིང་ནི་ཚ་བའི་ཡམ་ཤིང་གིས།། མངོན་སྤྱོད་ཀྱི་ནི་ལས་དག་ལ།། མངོན་སྤྱོད་དང་ནི་བཅས་པ་ཡི།། དགུག་པ
171b3 ལ་ཡང་དེ་ཉིད་ཀྱི། ། རྡོ་རྗེ་ཁྲོ་བོའི་ཏིང་འཛིན་གྱིས།། སྔོ་ལ་ཚ་བའི་ཡམ་ཤིང་གིས།། ཁྲོས་པས་མེ་ནི་རབ་སྦར་ནས།། མཁས་པས་ཚེར་མས་སྦྱིན་སྲེག་བྱ།། ཚེར་མ་དང་བཅས་ཤིང་དག་ཀྱང་།། ཚེར་མ
171b4 ཅན་གྱིས་ངེས་པར་དགུག། གང་དང་གང་ནི་འདོད་གྱུར་པ།། སངས་རྒྱས་རྣམས་ནི་ངེས་པར་འགུགས།། ཨོཾ་བཛྲ་ཨཱ་ཀཪྵ་ཡ་ཛཿ། བུད་ཤིང་མེ་ཏོག་དམར་སོགས་ཀྱིས།། རབ་ཏུ་འབར་བའི་མེ་སྔར
171b5 ནས། མེ་ཏོག་འབྲས་བུ་དམར་པོ་ཡང་།། སྦྱིན་སྲེག་བྱས་ན་དབང་བྱེད་མཆོག། ཧཱུཾ་བཛྲ་པཱ་ཤ་ཡ་ཛ། ཚ་བའི་ཡམ་ཤིང་དག་བྱ་ཞིང་།། རབ་ཏུ་དྲག་པའི་མེ་སྦར་ནས།། འབྲས་བུ་ཁ་བ་བསྲེགས
171b6 བྱས་ན། ། མངོན་སྤྱོད་ཀྱི་ནི་མཆོག་ཡིན་ནོ།། ཧཱུཾ་བཛྲ་མཱ་ར་ཡ་ཕཊ།། གསང་བའི་སྦྱིན་སྲེག་ཐམས་ཅད་ནི།། དེ་ནས་གཞན་ཡང་རབ་བཤད་བྱ།། སྦྱིན་སྲེག་འཁོར་ལོ་ཆོ་ག་ཡི།། དེ་ཉིད་དུ་ནི་ཇི་བཞིན
171b7 སྦྱར། ཡམ་ཤིང་ཚ་བ་དག་གིས་ནི།། ཤིན་ཏུ་དྲག་པས་མེ་སྦར་ནས།། འཇིགས་རུང་ལྕགས་ཀྱུས་སྦྱིན་སྲེག་བྱ།། གདུག་པ་ཐམས་ཅད་རབ་འཇིགས་འགྱུར།། ཨོཾ་བཛྲ་བན་དྷ་ཡ་ཕཊ། མེ་ཏོད




iiif viewer powered by OpenSeadragon

171a - 172a

Texts on this page

S439 - gsang ba rnal 'byor chen po'i rgyud rdo rje rtse mo