e-texts navigator
Collection
Volume
Page
Wylie

170a1 པའི་ཆར་གྱིས་རབ་ཏུ་མཆོད། ། ཨོཾ་བརྡ་ཀ་མས་མ་ཡེ་པཱུ་ཛཧཱུཾ། བདག་ནི་རང་ཉིད་སྲུང་བསྟེ།། སངས་རྒྱས་བྱམས་པ་བརྟན་པ་བདག། བདག་གིས་སངས་རྒྱས་མཆོད་པར
170a2 བྱ། ། ཆོས་ཀྱི་མཆོད་པས་ཀུན་ཏུ་མཆོད།། ཨོཾ་བཛྲ་ཀ་པ་ཙ་བནཿརཀྵ་ཧཱུཾ།། བདག་གིས་ཉོན་མོངས་བཟའ་བར་བྱ།། རྡོ་རྗེ་གནོད་སྦྱིན་བརྟན་པ་བདག། བདག་གིས་སངས་རྒྱས་མཆོད་པར་བྱ།།
170a3 ཆོས་ཀྱི་མཆོད་པས་རབ་ཏུ་མཆོད།། ཨོཾ་བཛྲ་ཡཀྵ་མཱ་ར་ཡ་བཛྲ་དཾཥྚ་ཧཱུཾ་ཕཊ།། ད་ནི་སངས་རྒྱས་བྱང་ཆུབ་ཡིན།། རྡོ་རྗེ་ཁུ་ཚུར་རང་བདག་ཉིད།། ཕྱིར་མི་ལྡོག་པའི་འཁོར་ལེ་སྟེ།། ལས་ཀྱི་མཆོད
170a4 པས་རབ་ཏུ་མཆོད། ། ཨོཾ་བཛྲ་ཀརྨ་མུཥྚ་སིད་དྷྱ་སིད་དྷྱ་ཧཱུཾ་ཕཊ། འདི་འདྲའི་སྣ་ཚོགས་མཆོད་པ་ཀུན།། ཡེ་ཤེས་གསང་བ་རབ་ཐོབ་བྱེད།། མ་ལུས་ལྷ་མོ་སེམས་དཔའ་ཀུན།། རྒྱལ་པོ་ཇི
170a5 བཞིན་རང་སྙིང་ཧཱུཾ། ། སྒེག་མོ་འཕྲེང་བ་དེ་བཞིན་གླུ།། གར་མ་མེ་ཏོག་སོགས་སྦྱོར་བས།། སེམས་དཔའ་ལ་སོགས་ལྷ་མོ་དག། ཤིན་ཏུ་སྲུང་བའི་མཆོད་པ་ཡིན།། མཆོད་པའོ།།
170a6 ། དེ་ནས་ལས་ནི་ཐབས་ཆེན་པོ།། གང་གིས་མྱུར་དུ་རབ་གྲུབ་འགྱུར།། གང་གིས་དགའ་བ་ལ་སྦྱོར་བ།། སྦྱིན་སྲེག་ལས་ཀྱི་ཆོ་གའོ།། ཇི་ལྟར་སྦྱིན་སྲེག་དངོས་གྲུབ་ཀྱིས།། ལས་ནི་བླ་ན་མེད་པ
170a7 ལྟར། དེ་བཞིན་རིག་པའི་ལས་རྣམས་ཀུན།། དེ་ལྟ་བུ་ནི་བྱེད་པ་མིན།། སྦྱིན་སྲེག་རྣམ་པ་མང་ལྡན་པ།། མདོ་རུ་བསྡུ་ན་རྣམ་པ་ལྔ།། རྒྱས་པར་རྣལ་འབྱོར་ཆེན་པོ་ཡི།། གསང་བའི་མདོ་ལས




iiif viewer powered by OpenSeadragon

169b - 170b

Texts on this page

S439 - gsang ba rnal 'byor chen po'i rgyud rdo rje rtse mo