e-texts navigator
Collection
Volume
Page
Wylie

169b1 འོད་ཟེར་འཕྲེང་བ་དང་ལྡན་སྒོམ།། སངས་རྒྱས་རྣམས་ནི་དབང་བྱ་ཞིང་།། ཕྱོགས་རྣམས་སུ་ནི་འོད་ཟེར་སྤྲོ།། ཨོཾ་བཛྲ་སཱུརྱ་མཎྜ་ལ་བ་ཤཱི་ཀུ་རུ་ཧཱུཾ། བདག་ནི་རྒྱལ་མཚན་སྦྱོར་བ་ཆེ།། དེ་བཞིན་གཤེགས
169b2 ། རྣམས་དབང་བྱ་ཞིང་།། སེམས་ཅན་བསམ་ཀུན་རྫོགས་པར་བྱ།། རིན་ཆེན་རྒྱལ་མཚན་རབ་ཏུ་མཆོད།། ཨོཾ་བཛྲ་དྷཱ་ཛཱ་གྲཱ་ཀེ་ཡཱུ་རེ་བ་ཤཱི་ཀུ་རུ་ཧཱུཾ། ཧ་ཧ་ཞེས་དགོད་བཞད་བྱ་ཞིང་།། རྡོ་རྗེ་བཞད་པ
169b3 བདག་ཉིད་དེ། ། སངས་རྒྱས་ཐམས་ཅད་དབང་དུ་བྱ།། བཞད་པའི་མཆོད་པས་རབ་ཏུ་མཆོད།། ཨོཾ་བཛྲ་ཨཊྚ་ཧཱ་སེ་ན་བ་ཤི་ཀུ་རུ་ཧཱུཾ། བདག་ནི་པདྨའི་རྒྱལ་པོ་ཉིད།། བཙུན་མོ་བརྟན་པ་རང་བྱུང་བ།
169b4 བདག་གིས་སངས་རྒྱས་རྗེས་ཆགས་བྱ།། འདོད་ལ་ཆགས་པས་རབ་ཏུ་མཆོད།། ཨོཾ་བཛྲ་པདྨ་རཱ་ག་ཡ་ཧཱུཾ། བདག་ནི་རང་ཉིད་རྣོན་པོ་སྟེ།། ཤེས་རབ་ཕ་རོལ་ཕྱིན་པ་བརྟན།། བདག་གིས་ཉོན
169b5 མོངས་གཙང་བྱ་ཞིང་། ། དེ་བཞིན་གཤེགས་རྣམས་ཆགས་པར་བྱ།། ཨོཾ་བཛྲ་ཏཱིཀྵ་རཱ་ག་ཡ་ཧཱུཾ། ལྷ་མོ་རྡོ་རྗེ་སྒྲོལ་མ་དག། ཆོས་ཀྱི་འཁོར་ལོ་རབ་བསྐོར་བ།། བདག་གིས་རྡོ་རྗེ་ཅན་གཉིས་བྱ།
169b6 འདོད་ཆགས་བརྟན་པས་རབ་ཏུ་མཆོད། ཨོཾ་བཛྲ་མཎྜ་ལ་རཱ་གེ་རཱ་ག་ཡ་ཧཱུཾ། ནམ་མཁའི་ལྷ་མོ་ཆེས་སྨྲ་བ།། བརྗོད་དུ་མེད་པའི་བདག་ཉིད་བསྟན།། དག་པའི་ཆོས་ལ་དགའ་བྱ་ཞིང་།། དེ་བཞིན
169b7 གཤེགས་རྣམས་མཉེས་པར་བྱ། ། ཨོཾ་བཱ་ག་རཱ་གེ་རཱ་ག་ཡ་ཧཱུཾ། བདག་ནི་རང་ཉིད་ལས་ཡིན་ཏེ།། ཕྱོགས་རྣམས་ཀུན་ཏུ་རབ་ཏུ་གྲགས།། བདག་ནི་ནམ་མཁའི་མཛོད་ཀྱང་ཡིན།། མཆོད




iiif viewer powered by OpenSeadragon

169a - 170a

Texts on this page

S439 - gsang ba rnal 'byor chen po'i rgyud rdo rje rtse mo