| | e-texts navigator
|
168b1 རྒྱལ་པོར། ། མཁས་པ་ཡིས་ནི་བདག་ཉིད་སྒོམ།། འབར་བ་ཡིས་ནི་ཁྱབ་པའི་སྐུ།། རྡོ་རྗེ་སྒོམ་པ་འགྲུབ་པར་འགྱུར།། ཧཱུཾ། གསང་བའི་བདག་པོ་ཀུན་གྱི་སྙིང་པོའི་སྔགས་ནི་གསུངས་པར་གྱུར།། དེ
168b2 ནས་རྡོ་རྗེ་འཆང་བའི་རྣལ་འབྱོར་དབང་པོ་རྟོག་པར་མཛད། ། གདུལ་བྱ་མིན་ལ་ཤིན་ཏུ་འཕྲོག་ཅིང་འདུལ་བྱ་ལ་ཆགས་སྤྲོ།། ས་འཛིན་མཆོག་གི་དབང་པོ་བསླབ་པ་རྣམ་པར་རོལ་པའི་ས།། སུཀྵྨ་རྫོགས
168b3 སོད། ། གསང་བ་སྐར་མ་ཉི་ཟླ་སྟེ།། རྡོ་རྗེ་དམ་ཚིག་བརྗོད་པར་བྱ།། རྣམ་རྟོག་གིས་བརྟགས་མཛེས་གྱུར་པ།། དེ་ནས་མཆོད་པའི་ཆོ་ག་བཤད།། བདག་ཉིད་སངས་རྒྱས་གཟུགས
168b4 དང་ནི། ། སངས་རྒྱས་རྣམ་འཕྲུལ་རབ་ཏུ་སྒོམ།། དང་པོ་སྦྱོར་བྱུང་ཇི་སྐད་བཤད།། སངས་རྒྱས་ཐམས་ཅད་མཆོད་པར་བྱ།། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨེ་ཤྭ་རི་ཧཱུཾ། རང་གི་སྙིང་ཁར་བྱང་ཆུབ་སེམས།།
168b5 སངས་རྒྱས་ཀུན་གྱི་ཚོགས་བསམས་ནས།། མཆོད་པ་ཡི་ནི་མཆོག་འདི་ཡིས།། འདྲེན་པ་ཐམས་ཅད་མཆོད་པར་བྱ།། ཧཱུཾ་དབང་ཕྱུག་ཆེན་པོ་དང་བཅས་པ།། ལྷ་རྣམས་ཐམས་ཅད་དགུག་བྱ་ཞིང་།།
168b6 བདག་ཉིད་རྡོ་རྗེ་ཁྲོ་བོ་ཡིས།། ཁྲོ་བོའི་མཆོད་པས་རབ་ཏུ་མཆོད།། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨ་ས་མ་ཡ་བི་དྷི་བིསྟཱ་རི་ཏྲཻ་ལོ་ཀྱ་བི་ཛ་ཡེ་ཤྭ་ར་སརྦ་དུཥྚཱ་ན་མཧཱ་ས་མ་ཡ་བཛྲི་ཏྲཱཾ། ཁྲོ་གཉེར་ཅན་ཀུན་ང་བདག
168b7 ཉིད། ། ཁྲོ་བོ་རིན་ཆེན་གྱིས་བསྒོམ་བྱ།། སངས་རྒྱས་ཐམས་ཅད་འཇིགས་བྱ་ཞིང་།། རིན་ཆེན་མཆོད་པས་རབ་ཏུ་མཆོད།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་པཱ་ཤ་ས་མ་བ་སྥ་ར་ཎ་མ་ཧཱ་པཱུ་ཛ་ཨཱ་ཀཪྵ་ཡ་བི་དྷི་བིཥྛ
iiif viewer powered by OpenSeadragon
168a - 169a