e-texts navigator
Collection
Volume
Page
Wylie

168a1 བཏྟ། ཐབ་རྡོ་རྗེ་རང་བཞིན་དངོས།། བསྐྱེད་པ་བཞིན་དུ་བསྒོམ་བྱས་ན། བློ་བཟང་ཟབ་རྡོ་རྗེས་རྒྱས།། མྱུར་དུ་མཁའ་ལ་འགྲོ་བར་འགྱུར།། བུང་དྷ་པྲ་བརྞ་ཡ་ཧཱུཾ།
168a2 ཟླ་བའི་དབུས་སུ་རང་བདག་ཉིད།། སྒོམ་ཞིང་གང་ལ་ཕབ་བྱས་པ།། སེམས་ཅན་དེ་རྣམས་མི་ལྡོག་པར།། འགྱུར་བ་རུ་མི་ཐེ་ཙོམ་མེད།། སཏྭ་པྲ་བརྟ་ཡ་ཧཱུཾ། ཕྱག་ན་རྡོ་རྗེ་རང་བདག་ཉིད།། མཁས་པ
168a3 ཡིས་ནི་བསྒོམ་བྱ་ཞིང་། ། གང་དུ་ཕབ་པའི་གནས་དེ་ནི།། དཔལ་དང་བདེ་བ་འཕེལ་བར་འགྱུར།། མྱུར་བ་ཉིད་དུ་ཐེ་ཙོམ་མེད།། བཛྲ་སཏྲ་པྲ་བརྟ་ཡ་ཧཱུཾ། སངས་རྒྱས་གཟུགས་སུ་རང་བདག་ཉིད།། མཉམ་པར
168a4 གཞག་པས་བསྒོམ་བྱ་ཞིང་། ། རྡོ་རྗེ་དེ་ནི་གར་ཕབ་པ།། རྫུ་འཕྲུལ་རྒྱ་ནི་ཆེན་པོར་འགྱུར།། བུད་དྷ་པྲ་བརྟ་ཡཧཱུཾ། རྡོ་རྗེ་ཁྲོ་བོ་སྙོམས་འཇུག་པས།། རང་གི་ལུས་ནི་རབ་བསྐོར་བ།། གང་གི་མིང་གིས་བྱས་པ་དེ།
168a5 ཐེ་ཚོམ་མེད་པར་བྱང་ཆུབ་ཐོབ།། ཨོཾ་བཛྲ་བ་ལི་ཏ་ཀྲོ་དྷ་མཱ་ར་ཡ་ཧཱུཾ། དབུགས་ནི་འབྱུང་དང་རྔུབ་པ་ལ།། ཡི་གེ་ཧཱུཾ་མི་བ་བྱོར་ཞིང་།། རྡོ་རྗེ་ཁྲོ་བོ་སྙོམས་འཇུག་པས།། འདོད་ཆགས་ལ་སོགས་ཉེས་པ་གནས
168a6 ཨོཾ་བཛྲ་ཤཱ་པ་པི་པ་ཏ་ལ་ཧཱུཾ་ཕཊ། རྡོ་རྗེ་ལྔ་བས་བལྟ་བྱ་ཞིང་།། རྡོ་རྗེ་ཁྲོ་བོ་རབ་སྦྱོར་བས།། སེམས་ཅན་གང་ལ་བལྟ་བྱས་ན།། དེ་ནི་འཁོར་བ་ལས་གྲོལ་འགྱུར། ཨོཾ་བཛྲ་ཛིཥྚི་བི་ན་ཤ་ཡ་ཧཱུ~ཾ་ཕཊ།
168a7 ངག་གི་ནི་བདག་ཉིད་གནས།། རང་སེམས་འགྲོ་བར་འགྱུར་བ་དང་།། བྱང་ཆུབ་སེམས་ནི་རྗེས་དྲན་ན།། ངེས་ཀྱང་སངས་རྒྱས་ཉིད་ཐོབ་འགྱུར།། ཧཱུཾ་རྦི་ཡ་ཨཱ་ཀཪྵ་ཡ་བཛྲ་ཀྲོ་དྷ་སྲུ~ཾ་ཕཊ། རྡོ་རྗེ་རིག་པ་མཆོག




iiif viewer powered by OpenSeadragon

167b - 168b

Texts on this page

S439 - gsang ba rnal 'byor chen po'i rgyud rdo rje rtse mo